e-texts navigator
Collection
Volume
Page
Wylie

171b1 བོ་གཞན་ཡང་དགེ་སློང་དེ་ནི་བདག་ཏུ་མངོན་པར་ཞེན་ཅིང་། མཚམས་བྲལ་བ་ཡིན་ཏེ། ཀུན་དགའ་བོ་ཆོས་གཉིས་པོ་འདི་དང་ལྡན་པའི་དགེ་སློང་གིས་སངས་རྒྱས་ཀྱི་བྱང་ཆུབ་སྤོང
171b2 བར་བྱེད་ཅིང་། ། མི་མཐུན་པར་སྤྲུལ་ཀུན་ནས་ཁྲོ་བར་བྱེད་དོ།། ཀུན་དགའ་བོ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ། ཆོ་ག་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ཚུལ་ཁྲིམས
171b3 འཆལ་བ་དང་ལྡན་པས། ། ཚུལ་ཁྲིམས་ཀྱི་གཏམ་ཐོས་ན་ཞུམ་པར་འགྱུར་ཏེ། ཀུན་དགའ་བོ་ཆོས་གསུམ་པོ་འདི་དག་དང་ལྡན་པའི་དགེ་སློང་ནི། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར
171b4 བྱེད་ཅིང་། མི་མཐུན་པར་སྤྲུལ་ཀུན་ནས་ཁྲོ་བར་བྱེད་དོ།། ཀུན་དགའ་བོ་གཞན་ཡང་དགེ་སློང་དམིགས་པར་ལྟ་བ་ཅན། བདག་ཏུ་སྨྲ་བ་ཡིན་ཏེ། དེས་སྟོང་པ་ཉིད་ཀྱི་གཏམ་ཐོས་ན།
171b5 ཆགས་པ་མེད་ལ་སྒྲ་ཅིང་དངང་ལ་རབ་ཏུ་དངང་བར་འགྱུར་ཏེ། ཀུན་དགའ་བོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ་ནི་སྤོང་བར་བྱེད་ཅིང་། མི་མཐུན་པར
171b6 སྦྲུལ་ཀུན་ནས་ཁྲོ་བར་བྱེད་དོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ
171b7 དགེ་སློང་ལྷག་པའི་ང་རྒྱལ་ཅན། ། མཐོབ་ཐོབ་པའི་འདུ་ཤེས་ཅན།། དེ་ནི་དེས་ན་ངས་བསྟན་པའི།། ཟབ་པའི་ཆོས་ནི་སྤོང་བར་བྱེད།། འཇིག་རྟེན་རྒྱང་འབེན་འདྲེས་པ་ཡི།།




iiif viewer powered by OpenSeadragon

171a - 172a

Texts on this page

S182 - de bzhin gshegs pa bgro ba zhes bya ba theg pa chen po'i mdo