| | e-texts navigator
|
171a1 གང་གིས་ཡོངས་སྨིན་བྱས། ། ཀྱེ་མའོ་སངས་རྒྱས་ཤཱཀ་ཐུབ་ཅེས།། སྐད་ཅིག་དེ་ལ་ང་ཡི་མིང་།། རྫོགས་སངས་རྒྱས་ཀྱིས་རྗོད་པར་འགྱུར།། བྱམས་པ་ཡི་ནི་ཐད་དག།
171a2 ནས།། སྲོག་ཆགས་བྱེ་བ་གྲངས་མེད་པས།། ང་ཡི་མིང་ནི་ཐོས་ནས་ཀྱང་།། བྱང་ཆུབ་མཆོག་ཏུ་སྨོན་པར་བྱེད།། སྐད་ཅིག་དེ་ལ་སངས་རྒྱས་ལ།། དེ་བཞིན་གཤེགས་པ་བྱམས
171a3 བས་ཀྱང་། ། འཛུམ་པ་དག་ནི་མཛད་གྱུར་ཅིང་།། དེ་ན་ཆོ་འཕྲུལ་བསམ་མི་ཁྱབ།། ཕྱི་མའི་དུས་ན་གང་ཁ་ཅིག། ཚུལ་འདི་དག་ནི་ཚོལ་བྱེད་པ།། ཀུན་དགའ་དེ་ནི་དེ་ཡི་ཚེ།། བྱམས
171a4 དང་ཕྲད་པར་ལུང་བསྟན་བྱ། ། ཤཱཀྱ་སེང་གེ་དེ་ཡིས་ནི།། མདོ་འདི་བཤད་པ་དེའི་མོད་ལ།། སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་དག། བྱང་ཆུབ་ལ་ནི་མངོན་པར་ཞུགས།།
171a5 དེ་ནས་བཅོམ་ལྡན་འདས་ཀྱིས། ཚ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ཆོས་བཞི་དང་ལྡན་ན། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་དེ།། བཞི་གང
171a6 ཞེ་ན། ཀུན་དགའ་བོ་འདི་ལ་དགེ་སློང་ལྷག་པའི་ང་རྒྱལ་ཅན་ཡིན་ཏེ། ལྷག་པའི་ང་རྒྱལ་ཅན་དེས། ལྷག་པའི་ང་རྒྱལ་མེད་པའི་ཆོས་ཐོས་ནས། སྐྲག་ཅིང་དངང་ལ་རབ་ཏུ་དངང
171a7 བར་འགྱུར་རོ། ། ག་ཡང་ས་ཆེན་པོར་ཡང་ལྷུང་བར་འགྱུར་རོ།། དེས་གཏིང་དཔག་མེད་པའང་ཐོང་བར་བྱེད་ཅིང་། མི་མཐུན་པར་སྤྲུལ་ཀུན་ནས་ཁྲོ་བར་བྱེད་དོ།། ཀུན་དགའ
iiif viewer powered by OpenSeadragon
170b - 171b