e-texts navigator
Collection
Volume
Page
Wylie

170a1 མདོ་འདི་དག་ནི་མི་ཚོལ་ལ།། ངས་བཤད་པ་ཡི་བགྲོ་བ་དག། མདོ་འདི་དག་ནི་རྙེད་མི་འགྱུར།། གང་ཞིག་མདོ་འདི་འཆོལ་བྱེད་པ།། དེ་སྙེད་བསོད་ནམས་འཕེལ་བར
170a2 འགྱུར། ། མང་དུ་ཐོས་པ་ཀུན་དགའ་བོ།། འདི་ལས་བྱང་ཆུབ་ལྷག་པར་ནི།། འགྲོ་མཛད་དེ་བཞིན་དགེ་སློང་དང་།། དགེ་སློང་མ་དག་ངས་ལུང་བསྟན།། ངས་བཤད་པ་ཡི་བགྲོ།
170a3 བ་འདི།། གང་དག་ཚོལ་བྱེད་དེ་དག་གིས།། ང་སྔོན་བྲམ་ཟེ་ཁྱེའུ་དེ་ཚེ།། གང་གིས་བྱང་ཆུབ་ཕྱིར་ལུང་བསྟན།། དེ་ཚེ་ཐོག་མར་བྱང་ཆུབ་ཕྱིར།། གང་ལ་བསོད་ནམས་ངས་བསྐྲུན་པ།
170a4 མར་མེ་ཞེས་བྱ་བསམ་མི་ཁྱབ།། ཡེ་ཤེས་ལྡན་རེན་མཐོང་བ་ཡིན།། གང་དག་འདི་ལུང་ནོད་དེ་དག། རྫོགས་པའི་སངས་རྒྱས་དེ་མཐོང་ངོ་།། རྟག་པར་སེམས་ཅན་ཀུན་བདེ་ཕྱིར།།
170a5 གྲངས་མེད་བདུན་བརྒྱ་རྫོགས་པ་སྟེ།། གཅིག་ཀྱང་མ་ཚང་མེད་པར་ནི།། བྱང་ཆུབ་ཆེད་དུ་ངས་བཙལ་ལོ།། མང་ཐོས་ང་དང་ལྷན་ཅིག་ཏུ།། དེ་དག་གིས་ཀྱང་བསོད་ནམས་བསྐྱེད།།
170a6 གང་དག་འདི་ནི་ལུང་ནོད་ཅིང་།། བྱང་ཆུབ་མཆོག་མར་སྨོན་བྱེད་པ།། དེ་དག་བྱང་ཆུབ་མི་ཉམས་ཤིང་།། དེ་དག་བྱང་ཆུབ་དཀོན་པ་མེད།། གང་དག་ངས་བཤད་པ་ཡི་མདོ།། གང་དག
170a7 འདི་ནི་ལུང་ནོད་པ། ། དེ་དག་སངས་རྒྱས་བྱང་ཆུབ་རྒྱུ།། ང་ཡིན་ཏེ་ནི་ཐེ་ཙོམ་མེད།། གང་དག་ཕྱི་མའི་དུས་དེ་ཚེ།། མི་རྣམས་ཀྱིས་ནི་ཚུལ་མི་མཐོང་།། ཕྱི་མའི་དུས་ན་དགེ་སློང་དག།




iiif viewer powered by OpenSeadragon

169b - 170b

Texts on this page

S182 - de bzhin gshegs pa bgro ba zhes bya ba theg pa chen po'i mdo