e-texts navigator
Collection
Volume
Page
Wylie

98a1 མར་དུ་ལྟ་ག་ལ་འགྱུར་ཏེ། འོ་མའི་རང་བཞིན་ལས་ཀྱང་ཉམས་ནས། དེ་དག་གིས་དེ་ཆུས་བསླད་དེ། བདག་གིས་མར་ལོངས་སྤྱད་པར་བྱའོ།། བདག་གིས་མར་ལོངས་སྤྱད
98a2 པར་བྱའོ་སྙམ་དུ་སེམས་པ་བཞིན་དུ། འཇིག་རྟེན་པ་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ། ནོར་དང་ཆོས་རྒྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་པ
98a3 གླང་གི་ལྷས་ཀྱི་བདག་པོ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་པ་ཆོམ་ཤོད་དང་འདྲ་བ་རྣམས་ཀྱིས་ཀྱང་། ཚུལ་ཁྲིམས་དང་། ཆོ་ག་དང་། འདུལ་བ་དང་། སྤྱོད་ཡུལ་རྣམས།
98a4 དང་། སེམས་ཅན་གྱི་ཁམས་གུང་དུ་བསྒྱུར་ནས། སེམས་ཅན་ཡོད་དོ།། སྲོག་ཡོད་དོ།། གང་ཟག་ཡོད་དོ་སྙམ་དུ་སེམས་ཤིང་། ཐར་པ་ནི་འདི་ལྟ་བུ་ཞིག་གོ།། སྤྱོད་པ་ནི་འདི་ལྟ་བུ་ཞིག་གོ་སྙམ་ནས
98a5 སྤྱོད་པ་དང་། སེམས་ཅན་དང་། ཐར་པར་དང་། རྟག་པ་དང་། དེ་ཁོ་ན་ཉིད་མ་ཤེས་ཏེ། དོན་གཞན་ལ་བརྩོན་པས་ཐར་པའང་མི་འཐོབ་ལ། ཚུལ་ཁྲིམས་དང་། ཆོ་ག་དང་། སྤྱོད་ཡུལ་དང་། འདུལ་བ
98a6 དང་། རྟག་པ་དང་། དེ་ཁོ་ན་ཉིད་ཀྱང་མི་སྙེད་དེ། མི་རྒོད་ཀྱི་མར་བཞིན་དུ་འཇིག་རྟེན་པ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་མི་འཐོབ་ལ། དེ་དག་སེམས་ཅན་ཚངས་པ་སྤྲུལ་པ་ནི་རྟག་གོ་སྙམ་དུ་འཛིན་ཅིང
98a7 བདག་ནི་ཐར་པ་ཡིན་ནོ་སྙམ་དུའང་འཛིན་ལ། ཆོམ་ཤོད་པ་རྣམས་ཀྱི་འོ་མ་བཞིན་དུ་དེ་ཁོ་ན་མི་ཤེས་སོ།། དེ་དག་ཚངས་པར་སྤྱོད་པའི་རྒྱུ་དང་། གཞན་གྱི་ཆུང་མ་སྤངས་པའི་རྒྱུ་དང་། ཕ་མ་ལ་ཕུང་དུད




iiif viewer powered by OpenSeadragon

97b - 98b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo