e-texts navigator
Collection
Volume
Page
Wylie

89a1 ལོ་བཅུའམ། ལེ་ཉི་ཤུན་བྱེས་ནས་ཕྱིར་འོངས་ཏང་། དེའི་ཚེ་འདི་བདག་ལ་ཕྱིར་བྱིན་ཅིག་ཅེས་ཀྱིས་ནས། དེས་གཏད་དེ་མཆིས་ལ། རྒན་པོ་དེའང་བུ་མ་མཆིས་པ་ཞིག་སྟེ
89a2 མིམེ་དེ་མཆིས་ནས་རིང་པོ་མ་ལགས་པར་མི་རྒན་པོ་དེ་གུམ་ན། མི་དེ་སླར་མཆིས་ཏེ། དེ་དེ་ལྟར་ནོར་གྱི་ཕུང་པོ་ཆེན་པོ་དང་བྲལ་བར་གྱུར་ཀྱང་། སུ་ལའང་ཇི་སྐད་བགྱིར་ཡང་མ་མཆིས་པ་དེ་བཞིན་དུ། བཅོམ་ལྡན
89a3 འདས་ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར། བདག་ཅག་གིས་ཞུས་པ་དེའང་ཉན་ཐོས་ལ་ཡུན་རིང་དུ་གནས་པར་མི་འགྱུར་ལ། བདག་ཅག་ལའང་ཇི་སྐད་དུ་ཞུ་བའི་ཆ་མ་མཆིས་ལགས་སོ།། བཅོམ
89a4 ལྡན་འདས་ཀྱིས། དེ་དག་ལ་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་ཞུས་པ་ནི། སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་ཏེ། དེའི་ཕྱིར་ངས་ཞུ་བའི་སྐབས་ཕྱེ་བ་ཡིན་ནོ།། དེ་ནས་དགེ་སློང་རྣམས
89a5 ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དཔེར་གསོལ་ན། མི་གཞོན་ནུ་ལ་ལ་ལོ་ཉི་ཤུ་རྩ་དྲུག་ལོན་ཏེ། ཕྱུག་ཅིང་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་མཆིས་ལ། མི་ལ་ལ་ཞིག
89a6 གིས་དེའི་སྲེག་པར་གཏེར་གཏམས་ཏེ། འདི་སྐད་དུ། ཀྱེ་བདག་ནི་དོན་གཉེར་དུ་འགྲོ་ཡོས། བདག་ཕྱིར་འོངས་ཏང་། མི་ཁྱོད་ཀྱིས་གཏེར་འདི་བདག་ལ་ཕྱིར་བྱིན་ཅིག་ཅེས་བགྱིས་ནས། མི་དེས་གཏེར་དེས
89a7 ལེགས་པར་སྦས་ཤིང་ལེགས་པར་བསྲུངས་ཏེ། དེ་ལྟར་མཆིས་ནས། སླར་སྩལ་བ་དེ་བཞིན་དུ། བཅོམ་ལྡན་འདས་དམ་པའི་ཆོས་ཀྱི་དབྱིག་ལེགས་པར་གསུངས་པ། དགེ་སློང་ཀུན་དགའ་བོ་ལ་སོགས




iiif viewer powered by OpenSeadragon

88b - 89b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo