e-texts navigator
Collection
Volume
Page
Wylie

84b1 དེ་བཞིན་གཤེགས་པ་བཞུགས་སུ་མི་གནང་ན། བདག་ཅག་ཀྱང་སྦྲུལ་གདུག་པ་དང་ཁྱིམ་གཅིག་གི་ནང་དུ་ལྷན་ཅིག་ཏུ་མཆིས་པར་མི་འཚལ་ཏེ། དེ་བཞིན་གཤེགས་པ་མི་བཞུགས་ན། ཚངས་པར་སྤྱོད་ཅིང་མཆིས་པའི
84b2 རྔོ་མ་ཐོག་གིས། ཁྱོད་ཉིད་ཀྱི་སྐད་བཞིན་དུ་བདག་ཅག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་།
84b3 དགེ་སློང་དག་ཁྱེད་དེ་སྐད་མ་ཟེར་ཅིག། དགེ་སློང་དག་ངས་འོད་སྲུངས་ཀྱི་ལག་ཏུ་བསྟན་པ་གཏད་པར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་དང་འདྲ་བར་དགེ་སློང་རྣམས་ཀྱི་རྟེན་ལྟ་བུར་འགྱུར་རོ།། དགེ་སློང
84b4 རྣམས་དང་སེམས་ཅན་རྣམས་ཀྱི་སྐྱབས་ལྟ་བུར་འགྱུར་རོ། ། དཔེར་ན་རྒྱལ་པོ་གྲོང་ཁྱེར་མང་པོའི་མངའ་བདག་གྲོང་ཁྱེར་གཅིག་ཏུ་སོང་སྟེ། ཁྱིམ་བདག་གཅིག་རྒྱལ་པོར་དབང་བསྐུར་བ་དེ་བཞིན་དུ། འཇིག
84b5 རྟེན་གྱི་ཁམས་འདིར་ངས་འོད་སྲུངས་ཆེན་པོ་ལ་དབང་བསྐུར་རོ། ། དགེ་སློང་དག་ཁྱེད་ཀྱིས་སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པ་དང་། མི་སྡུག་པའི་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། དགེ
84b6 སློང་དག་དཔེར་ན། སོས་ཀའི་དུས་ལ་བབ་པ་ན། སྐྱེ་བོ་རྣམས་ཀྱིས་ནགས་ཚལ་གྱི་ནང་དུ་ཆུ་བསྐྱིལ་ཏེ། རང་རང་རྒྱལ་བའི་ཡོ་བྱད་ཐོགས་ནས། ཆུའི་ནང་དུ་རྩེ་བར་བྱེད་ལ། ཆུ་དེའི་ནང་དུ་གཅིག་གིས་ནོར་བུ
84b7 རིན་པོ་ཆེ་བ་རྒྱ་པ་དང་ལྡན་པ་ཞིག་བཞག་ནས། བཻ་ཌཱུཪྻ་དེ་འདོད་པའི་ཕྱིར། དེ་དག་ཐམས་ཅད་ཀྱིས་རྒྱལ་བ་རྣམས་བོར་ཏེ། ཆུ་དེའི་ནང་དུ་འཛུལ་ནས། དེའི་ནང་ན་གྱོ་མོ་འམ། གསེག་མ་ཅི་ཡོད་པ་དག




iiif viewer powered by OpenSeadragon

84a - 85a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo