| | e-texts navigator
|
80b1 འདས་པ་མ་ཡིན་པའམ། གསང་བ་དང་གསང་བ་མ་ཡིན་པ་འམ། གཉིས་དང་གཉིས་སུ་མེད་པའམ། དེ་བཞིན་དུ་ཆོས་རྣམ་པ་དུམ་དག། སོས་ཉིའམ། ཡ་གཉིས་སམ། ཐེ་ཙོམ་པ་བ་ཅི་དང་།
80b2 ཅི་ཡོད་པ་དེ་དང་དེ་དག་ཞུས་ཤིག་དང་། ཐམས་ཅད་གཅད་པར་བྱའོ།། བདུད་རྩིའི་མཆོག་ཀྱང་ཁྱེད་ལ་བསྟན་པར་བྱ་སྟེ། དེའི་འོག་ཏུ་ཡོངསུ་མྱ་ངན་ལས་འདའ་བར་བྱའོ།། དགེ་སློང་དག་སངས་རྒྱས
80b3 འབྱུང་བ་རྙེད་པར་དཀའ་འོ། ། མི་ལུས་ཐོབ་པ་རྙེད་པར་དཀའ་འོ།། དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་འོ།། བཟོད་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཞིག་མ་རལ་པ་ཡང་ཤིན་ཏུ
80b4 རྙེད་པར་དཀའ་འོ། ། འཇིག་རྟེན་ན་དགྲ་བཅོམ་པ་ཐོབ་པ་ནི། གསེར་གྱི་བྱེ་མ་དང་། ཨུ་དུམ་ཝ་རའི་མེ་ཏོག་བཞིན་དུ་རྙེད་པར་དཀའ་འོ།། དགེ་སློང་དག་འདི་ལྟ་སྟེ། ས་ནི་ཐམས་ཅད་ཀྱི་སྒོ་ནས།
80b5 སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། དེ་བཞིན་དུ་ངའི་ཆོས་བསྟན་པ་རྣམ་པ་སྣ་ཚོགས་གསང་བ། ཐར་པའི་གྲོང་ཁྱེར་གྱི་བདུད་རྩིའི་ཟས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ།། སེམས
80b6 ཅན་ཐམས་ཅད་དང་ངའི་སྲས། དགེ་སློང་ཐམས་ཅད་ལ་དམ་པའི་ཆོས་མང་པོ་བརྟན་པོར་བཞག་གོ།། གཞན་ཡང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡོན་ཏན
80b7 ཆེ་བ་ཉིད་བསྒྲགས་ཏེ། ཡི་གེ་འབྲུ་གཅིག་པའི་ཐིག་ལེའི་གཏམ་ཡང་བཞག་ནས། ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ།། དེ་ནས་དགེ་སློང་དེ་དག་གིས་དེ་བཞིན་གཤེགས་པ
iiif viewer powered by OpenSeadragon
80a - 81a