e-texts navigator
Collection
Volume
Page
Wylie

76b1 གྱིས་སྨྲས་པ། སྐུལ་བྱེད་དེ་ནི་དེ་བཞིན་ཏེ། བདག་གིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེ་བ་ཉིད་གླེང་བའི་ཕྱིར་དེ་སྐད་དུ་བརྒལ་བར་ཟད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི
76b2 ཞལ་ནས་འོད་ཟེར་རྣམ་པ་སྣ་ཚོགས་བཀྱེ་ནས། དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་ཕོག་གོ།། དེ་ནས་འཇམ་དཔལ་གྱིས་དེ་རྟོགས་ནས། མགར་བའི་བུ་སྐུལ་བྱེད་ལ་སྨྲས་པ། སྐུལ་བྱེད་དེ།
76b3 བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་རིངས་ཀྱིས། དུས་སུ་བཅོམ་ལྡན་འདས་ལ་བ་ཤོས་འདྲིམ་དུ་ཆུག་ཅིག། མ་ཐོགས་ཤིག། རྒྱུ་མེད་པར་བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་ཟེར་རྣམས་འབྱུང
76b4 པར་མི་འགྱུར་རོ། ། དེ་ནས་སྐུལ་བྱེད་ཅང་མི་ཟེར་བར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས། སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐུལ་བྱེད་ང་ཡོངས་སུ་མྱ་ངན་ལས་འདར
76b5 པར་འགྲོར་ཉེ། དགེ་སློང་གི་དགེ་འདུན་ལ་དུས་སུ་ཟས་འདྲིམ་དུ་ཆུག་ཅེས་ལན་གཉིས་ལན་གསུམ་དུ་བཀའ་སྩལ་ཏོ།། དེ་ནས་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན
76b6 འདས་མི་བཞུགས་ན་ནི། འཇིག་རྟེན་སྟོངས་པར་འགྱུར་རོ།། བདག་ཅག་ཐམས་ཅད་ཀྱིས་ངུ་ཞིང་བཅོམ་ལྡན་འདས་ལ་གསོལ་བ་གདབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས། སྐུལ་བྱེད་ལ་འདི་སྐད་ཅེས་བཀར
76b7 སྲུལ་ཏོ། ། སྐུལ་བྱེད་མ་དུ་ཞིག། དེ་ལྟར་ལུས་ལ་རྨ་མ་འབྱིན་ཞིག། མིའི་ལུས་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པར་རྟོགས་ཤིག། སྨིག་རྒྱུ་དང་། དབུ་བ་རྡོལ་བ་དང་། སྒྱུམ་དང་། རྫ་མཁན་གྱིས་བྱས་པའི




iiif viewer powered by OpenSeadragon

76a - 77a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo