e-texts navigator
Collection
Volume
Page
Wylie

74a1 ཀྱིས་ཐེབས་པ། བར་མ་དོར་སྡུག་བསྔལ་བར་གྱུར་པ། སྦྲུམ་པས་ཉེན་པ་ཞིག་མགོན་མེད་ཁང་པ་ཞིག་ཏུ་སོང་བ་ལས། བུ་མོ་དེབུ་བྱུང་ནས། དེ་ན་སྔ་ནས་གནས་པ་གཞན་དག
74a2 གིས་དེ་དེའི་ནང་ནས་བསྐྲད་དེ། ཉོན་མོངས་མ་དེ་བུ་བཙས་མ་ཐག་ཏུ་བྱིས་པ་ཁ་མར་ཁྱེར་ནས། ལོ་ལེགས་པའི་ཡུལ་ཞིག་ཏུ་ཆས་ཏེ་སོང་བ་ལས། ལམ་དུ་ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་ཚན་དང
74a3 སྡིག་སྦྲུལ་གྱི་གནོད་པས་ཉེན་པར་གྱུར་ཏེ། གངྒཱའི་ཀླུང་ཆེན་པོ་རྒལ་བར་འདོད་པ་ལས། དེས་རྒལ་བར་མ་ནུས་ཏེ། ཁྱེའུ་དེ་ཁྱེར་བཞིན་དུ་གངྒཱའི་ནང་དུ་གཤེགས་ནས། དེ་བུ་དེ་ལ་བྱམས་པའི་བསོད་ནམས
74a4 ཀྱི་ཁྱད་པར་གྱིས་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་ཏེ། བྱམས་པའི་བསོད་ནམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་གིས་སྐྱེས་ཞེ་ན། བདག་ནི་ཤི་ཡང་བླའི། ཁྱེའུ་འདི་ཉེ་ཞོ་མེད་པར
74a5 ཐར་པར་བྱའོ་སྙམ་པའི་བསོད་རྣམས་ཀྱི་ཁྱད་པར་གྱིས་སྐྱེས་པ་དེ་བཞིན་དུ། བཙུན་པ་འཇམ་དཔལ་སྐྱེས་བུ་དམ་པ་དམ་པའི་ཆོས་འབྱུང་བར་འདོད་པས། དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་པར་བལྟ་བར་མི་བྱ།
74a6 ཞིང་། འདུ་ཤེས་ཀྱང་བསྒྱུར་བར་མི་བྱའོ།། གལ་ཏེ་དེ་ལྟ་བུའི་མིག་ལུས་ལ་མེད་ན་ཡང་། བཅོམ་ལྡན་འདས་ནི་བསམ་གྱི་མི་ཁྱབ་བོ་སྙམ་དུ། ཡང་དག་པའི་ལྟ་བ་ཅན་དུ་བྱའོ།། སེམས་ཅན་ཐམས་ཅད་ལ་ཕན
74a7 པའི་གདམ་ངག་བསྟན་པས་ནི། དེ་བཞིན་གཤེགས་པ་འདུས་མ་བྱས་པ་ཡིན་ནོ་ཞེས་བསྟན་པར་བྱའོ།། དམ་པའི་ཆོས་འབྱིན་པར་བྱེད་པས་ནི། ཇི་ལྟར་བུད་མེད་གཞོན་ནུ་དབུལ་མོས་གངྒཱའི་ཀླུང་ལས་བུ




iiif viewer powered by OpenSeadragon

73b - 74b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo