e-texts navigator
Collection
Volume
Page
Wylie

73b1 ཏེ་ཡོན་ཏན་ཡོད་ན་ནི། ཡོན་ཏན་ཅན་གྱི་མིང་ཐོབ་པ་ཡིན་ནོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་།། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། ལྷའི་བུའི་བདུད་དང་། རང་བཞིན་གྱི་བདུད་ཀྱི་གྱད་ཐམས
73b2 ཅད་བཅོམ་པས་ན། གྱང་སྟོང་ཐུབ་བཞིན་དུ། ཡང་དག་པའི་ཡོན་ཏན་གྱི་སྒོ་ནས་འཇིག་རྟེན་གསུམ་པོ་དག་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཡིན་གྱིས
73b3 བཙུན་པ་འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་འདུ་བྱེད་དང་འདྲ་བར་ཡོངས་སུ་མ་རྟོགས་ཤིག། དཔེར་ན་ལ་ལ་ཞིག་ཕྱུག་ཅིང་ནོར་མང་བའི་རིགས་སུ་སྐྱེ་བ་བླངས་ལ། ཚེ་ཐུང་བར་འགྱུར་བ་ཞིག་སྟེ། དེ་སྐར
73b4 མཁན་དག་གིས་མཐོང་ནས། ཁྱེའུ་འདི་ནི་ཚེ་ཐུང་ངོ་ཞེས་བསྟན་ཏེ། དེའི་ཕ་མས་དེ་སྐད་ཐོས་ན། འདི་ནི་བདག་ཅག་གི་ཁྱིམ་དུ་ཕན་པར་འགྱུར་བ་མ་ཡིན་ནོ་སྙམ་ནས། གྲངས་སུ་ཡང་མི་རྩི་ཞིང་། དེ་ལ་བྱམས
73b5 པར་མི་བྱེད་དོ། ། དེ་ལྟར་སྐྱེས་པ་འམ། བུད་མེད་དམ། ལྷ་འམ། ཚངས་པ་ཡང་རུང་སྟེ། གང་ཚེ་ཐུང་བ་དེ་ལ་ཁྱད་དུ་གསོད་པར་འགྱུར་ན། གལ་ཏེ་དེ་བཞིན་གཤེགས་པ་ཆོས་འབའ་ཞིག་ལ་ཡང་དག་པར
73b6 གཞོལ་བ་ཉིད། འདུ་བྱེད་དུ་གྱུར་ཏུ་ཟིན་ན། འཇིག་རྟེན་ཐམས་ཅད་ཀྱིས་བརྙས་པར་འགྱུར་རོ།། ཆོས་ཐམས་ཀྱི་ནང་ན་ནི། ཕྱིར་ལྟུང་བ་མེད་ཅིང་ཟད་པ་མེད་པ་ལ་ཐར་པ་ཞེས་བཤད་ན། གལ་ཏེ་དེ་ལྟར
73b7 གྱུར་ན་དོན་མེད་པར་འགྱུར་གྱིས། བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་ཅེས་དེ་སྐད་མ་གསུང་ཞིག། དཔེར་ན་བུད་མེད་གཞོན་ནུ་དབུལ་མོ།། བཀྲེན་པ། མགོན་མེད་པ། ནང




iiif viewer powered by OpenSeadragon

73a - 74a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo