| | e-texts navigator
|
70b1 གཉིས་ཤི་བ་ལས་ཕྱིར་སོས་ཏེ་གསོན་པོར་འདུག་པ་མཐོང་ན། མཆོག་ཏུ་དགའ་བར་འགྱུར་བ་དེ་ཁོ་ན་བཞིན་དུ། མགར་བའི་བུ་སྐུལ་བྱེད་དེ་མཆོག་ཏུ་དགའ་བར་གྱུར་ནས། ལག་པ་བརྐྱང་སྟེ། བཅོམ་ལྡན་འདས
70b2 ལ་མགོ་བོས་ཕྱག་འཚལ་ནས་ལངས་ཏེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ཀྱེ་མ་དེང་བདག་རྙེད་པ་ལེགས་པར་རྙེད།། མི་ཡི་འཇིག་རྟེན་སྐྱེས་པ་འབྲས་བུ་ཡོད།། ད་ནི་རྙེད་ལ་སོགས་ལས་འབྲལ་མི་འགྱུར
70b3 མི་བཟད་དམྱལ་བར་ཡང་ནི་ལྷུང་མི་འགྱུར། ། དེང་འདིར་རྙེད་པ་ཆེན་པོ་རྙེད་པ་འདི།། གསེར་གྱི་ཕུང་པོ་བས་ཀྱང་ལྷག་པ་ཡིན།། དཔའ་བོ་བདེ་གཤེགས་མགོན་དང་ཕྲད་པས་ན།། ཕྱིན་ཆད་བདག་ནི་དུད་འགྲོས་འཇིག
70b4 པ་མེད། ། སངས་རྒྱས་ལ་ནི་དད་པ་གཏིང་ཟུག་པ།། དེང་རྙེད་ཨུ་དུམ་ཝ་རའི་མེ་ཏོག་བཞིན།། རབ་འཇིགས་ཡི་དགས་འགྲོ་བ་ཡོངས་སྤངས་ཤིང་།། ལྷ་མིན་སྐྱེ་བའི་ས་བོན་མི་བཟད་བཅོམ།། དེ་བཞིན་གཤེས
70b5 འབྱུང་དཀོན་དང་དེ་ཕྲད་པ། ། ཁབ་ཀྱི་རྩེ་མོར་ཡུངས་འབྲུ་ཆགས་པ་བཞིན།། དེ་ལ་ཕ་རོལ་ཕྱི་མཆོག་སྦྱིན་ཕུལ་བས།། རྟག་ཏུ་ལྷ་ཡི་འགྲོ་བར་འཕར་བར་གྱུར།། ཆུ་གནས་པདྨ་ཆུས་མི་ཆགས་པ་ལྟར།། དྲང
70b6 སྲོང་ཆེན་པོ་འཇིག་རྟེན་ཆོས་རྣམས་ཀྱིས། ། ཆགས་མེད་ཕྲད་པས་སྲིད་རྩེའི་ས་བོན་ཀུན།། དྲངས་ཕྱུང་བདག་ནི་འཁོར་བའི་མཚོ་ཆེན་རྒལ།། རྒྱ་མཚོའི་ནང་གི་རུས་སྦལ་ཞར་བའི་མགྲིན།། གཞར་ཤིང་མིག་ཏུ
70b7 ཆུད་དཀའ་འདྲ་བ་ལས། ། བདེ་གཤེགས་དེང་ཕྲད་དེ་ལ་སྦྱིན་པ་ཕུལ།། དེ་ནས་བདག་གིས་ཉོན་མོངས་གསོག་ཀུན་བཅོམ།། ལྷ་རྣམས་ཀྱིས་ནི་ཞལ་ཟས་བཟང་པོ་དག། ཕུལ་ཡང་བདེ་གཤེགས་མ་ངཞེས
iiif viewer powered by OpenSeadragon
70a - 71a