| | e-texts navigator
|
65a1 @། གན་དེ་ལྟ་བུར་གྱུར་པ་མཐོང་ནས། སྤྱི་བུང་ཞེས་བྱས་ཏེ། འཇིགས་ཤིང་། ལ་དང་ལྐོགས་བསྐམས་ནས་འབྲོས་པར་ཆས་ཏེ། རང་རང་གི་འོད་ཀྱང་མི་མཐོང་ཞིང་འོད་ཉམས་པར་གྱུར་ཏོ།།
65a2 དེ་ནས་འཁོར་དེ་ཉིད་ཀྱི་ནང་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལངས་ཏེ། ལྷའི་ཚོགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་མ་འཇིགས་ཤིག་མ་འཇིགས་ཤིག། ཤར་ཕྱོགས་ལོགས
65a3 སུ་འཇིགས་རྟེན་གྱི་ཁམས་གངྒཱའི་ཀླུང་གྲངས་མེད་པ་གཏམས་ཕྲག་དཀྲིགས་ཀྱི་བྱེ་མའི་རྡུལ་ཕྲ་རབ་གྲངས་མེད་པ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡིད་འཕྲོག་སྨྲ་སྙན་མུ་ཐུག་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ
65a4 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ད་ལྟར་བཞུགས་ལ་འཚོ་ཞིང་གཞེས་ཏེ། དེ་བཞིན་གཤེགས་པ་དེས། རང་གིས་སྲས་ཀྱི་ཐུ་བོ་ཉན
65a5 ཐོས་ལ་བོས་ཏེ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སོང་ལ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡོངས
65a6 སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། དེ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཞལ་ཟས་ཀྱི་ཐ་མ་ཕུལ་ལ། ཁྱོད་ཀྱི་ཐེ་ཙོམ་དང་ཡིད་གཉིས་ཅི་དང་ཅི་ཡོད་པ་དེ་དག་ཀྱང་ལེགས་པར་ཞུས་ཤིག་དང་། དེས
65a7 ཁྱོད་ལ་ལུང་བསྟན་པར་འགྱུར་རོ་ཞེས་བཀའ་སྩལ་ཏེ། བཅོམ་ལྡན་འདས་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་འདིར་བཏང་སྟེ། བྱང་ཆུབ་སེམས་དཔའ་གྲངས་མེད་པས
iiif viewer powered by OpenSeadragon
64b - 65b