e-texts navigator
Collection
Volume
Page
Wylie

59b1 ཏུ་འཁོད་དོ། ། གཞན་ཡང་དེའི་ཚེ་བྱ་ངང་པ་དང་། ཁྲུང་ཁྲུང་དང་། ངུར་པ་དང་། ཀ་དམ་པ་དང་། ཟལ་མོ་དང་། བཞད་དང་། ཁུ་བྲུག་དང་། བ་ལི་ཀ་དང་། ཀ་ལ་བིད་དང་། ཤང་ཤང་ཏེའུ་ལ་སོགས
59b2 པས་ཀྱང་སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བར་མེ་ཏོག་དང་འབྲས་བུ་ཁྱེར་ཏེ། རང་རང་གི་སྐད་ཕྱུང་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་སའི་སྟེང་ན་པ་དང་། མ་ཧ་མོ་དང་། ར་མ་མོ་ཡོད་དོ་ཅོག་གིས
59b3 ཀྱང་ནུ་མ་འོ་མས་བཀང་སྟེ། ཤིན་ཏུ་རིངས་པར་ལྷགས་ནས། ཤིང་སཱ་ལ་ཟུང་གི་དྲུང་ནས་ས་ཕྱོགས་གཤོང་ཞིག་མཐོང་ནས་དེར་རང་རང་གིས་ནུ་མ་འོ་མས་གང་བ་དེ་དག་ལས། འོ་མ་གསེག་མ་དང་། བྱེ་མ་དང
59b4 བ་ཚྭས་མ་འགགས་ཤིང་། ཚ་བའི་སྐྱོན་དུ་འགྱུར་བ་མེད་པ་དག་གཟིགས་ཏེ། འོ་མ་དེ་དག་གི་ནང་ན་སྦྲང་བུ་དག་བསལ་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་དྲང་སྲོང་བཟོད་པར་སྨྲ་བ་ལ་སོགས་པ་གླིང
59b5 བཞིན་གནས་པའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཐེག་པ་ཆེན་པོ་འདོད་པ་ཤ་སྟག་ལ། གངྒཱའི་ཀླུང་དཀྲིགས་ཀྱི་བྱེ་མ་སྙེད་རང་རང་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡམ་སྲེག་ཤིང་དང་ཞལ་ཟས་དག་ཁྱེར་ནས
59b6 བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་འོད་སྲུངས་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁ་ཅིག་དང་། གནས་བརྟན་ཀུན་དགའ་བོ་ལ་སོགས་པ་མ་གཏོགས
59b7 པར་ཡུལ་ཕྱོགས་ན་གནས་པའི་དགེ་སློང་དང་། དགེ་སློང་མ་ཇི་སྙེད་ཡོང་པ་དེ་དག་ཐམས་ཅད་ཀྱང་མ་ལུས་པར་དེར་ལྷགས་སོ།། གཞན་ཡང་དེའི་ཚེ་རི་རབ་ལ་སོགས་པ་རི་ཆེན་པོ་རྣམས་དང་། འཇིག་རྟེན་གྱི




iiif viewer powered by OpenSeadragon

59a - 60a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo