| | e-texts navigator
|
58a1 སྲིན་པོའི་བདག་པོ་གངྒཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་སྲིན་པོའི་བསམ་པ་མེད་པ་ཤ་སྟག་གིས། གཟི་བརྗིད་ཆེན་པོའི་ཚོགས་ཀྱིས་སཱ་ལ་ཟུང་གི་དྲུང་སྣང་བར་བྱས་ནས། བཅོམ་ལྡན་འདས
58a2 འཕྱག་འཚལ་ཏེ། ཕྱོག་གཅིག་ཏུ་འཁོད་དོ།། གནན་ཡང་དེ་ཚེ་འབྲས་བུའི་ཤིང་གི་བདག་པོ་དྲི་སིལ་ལ་སོག་པ་འབྲས་བུན་ཤིང་གི་བདག་པོ་གདྷཱའི་ཀླུང་དགུ་བཅུའི་བྱེ་མ་སྙེད་ཀྱིས་སྔ་མའི་མཆོད་པ་ཐམ་ཅད་པས་ཉིས་འགྱུར་ཉིས་འགྱུར་གྱིས་ལྷ
58a3 པའི་མཆོད་པའི་ཚོ་ག་ཁྱེར་ནས། ཁུ་བྱུག་པོ་རྒྱགས་པ་རྣམས་དང་། བུང་བ་རྣམས་སྐད་འབྱིན་པ་དང་ལྡན་པའི་མེ་ཏོག་འཚེར་བའི་འཁྲི་ཤིང་མང་པོའི་དོག་པ་དང་། ལོ་མ་ཁ་འབུས་པ་རྣམས་ཀྱིས་ས་ཕྱོགས་བརྒྱན་ཏེ
58a4 ཕྱོགས་གཅིག་ཏུ་འཁོད་དོ། ། གཞན་ཡང་དེའི་ཚེ་རིག་སྔགས་འཆང་གི་རྒྱལ་པོ་སྒྱུ་འཕྲུལ་ཆེན་པོ་ལ་སོགས་པ་རིག་སྔགས་འཆང་གི་རྒྱལ་པོ་གངྒཱའི་ཀླུང་སྟོང་གི་བྱེ་མ་སྙེད་ཀྱིས་མཆོད་པ་སྔ་མའི་ཉིས་འགྱུར
58a5 བས་ལྷག་པའི་མཆོད་པ་དག་ཁྱེར་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལྷ་མོ་འདོད་དགུར་སྒྱུར་བའི་གཟུགས་ཅན་ལེགས་མཐོངས་མ་ལ་སོགས་པ་གངྒཱའི་ཀླུང་བྱེ་བའི་བྱེ་མ་སྙེད་ཀྱིས་ཡངས
58a6 པ་ཅན་གྱི་རྒྱལ་པོའི་བཙུན་མོའི་མཆོད་པའི་ཉེས་འགྱུར་བས་ལྷག་པ་དག་ཁྱེར་ཏེ། རང་རང་གི་རྒྱན་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ས་ལ་སྤུངས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ
58a7 ལྷའི་བུ་མོ་རམ་བྷ་དང་། ཨུརྠ་ཤི་ལ་སོགས་པ་ལྷའི་བུ་མོ་གངྒཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་ཀྱིས་མཆོད་པ་སྔ་མའི་ཉིས་འགྱུར་ཉིས་འགྱུར་བས་ཆེས་ལྷག་པར་མང་ཞིང་སྤ་བ་དག་གིས་མདུན་དུ་དྲངས་ཏེ།
iiif viewer powered by OpenSeadragon
57b - 58b