e-texts navigator
Collection
Volume
Page
Wylie

56a1 ཏན་དཔག་ཏུ་མེད་པ་དང་ལྡན་པ། བུ་གཅིག་པ་ལ་བྱ་བ་བཞིན་དུ་འཇིག་རྟེན་ཐམས་ཅད་ལ་སྙིང་རྗེ་ལྟ་བ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བའི་གདུང
56a2 ཞུགས་ལ་ཞེན་པའི་ཕྱིར། བུད་ཤིང་དང་ཡམ་སྲེག་ཤིང་རྣམས་ཁྱེར་ཏེ། དེ་དག་ཀྱང་སྔ་མས་ཕུལ་བའི་ཡམ་སྲེག་ཤིང་གི་ཉིས་འགྱུར་ཉིས་འགྱུར་བའི་བཟང་བའི་ལྷ་རྫས་དྲི་བསུང་དང་ལྡན་པ། ཡིད་དུ་འོང་བ་མི་ལ
56a3 དཀོན་པ་ཤ་སྟག་གོ། ཤིང་རྟ་ཡང་རྟའི་མཆོག་མགྱོགས་པ་དག་དང་སྦྱར་བ། དར་ལ་དཀར་པོས་གཡོགས་པ། གཟུགས་དང་དབྱིབས་རི་མོར་བྲི་བར་མི་ནུས་པ། དྲིལ་བུ་གཡེར་ཁ་འི་དྲ་ཅན་གྱི་ཡོལ་བས་བསྐོར་བ།
56a4 དར་ཡུག་ཁྱིམ་ཆེན་པོའི་བླ་རེ་རྒྱ་ཆེན་པོ།། རྩ་བ་རི་མོ་ཅན་དག་ལ་བཙུགས་པ་དང་། གར་སྟབས་དང་། རོལ་མོ་ཡིད་འོང་བ་རྣམས་ཀྱིས་མདུན་དུ་དྲངས་པ། ཁ་ཟས་ཞིམ་པོ་མང་པོ་དག་དང་། སེང་གེའི་ཁྲི་བཻ་ཌཱུ་ཪྻའི
56a5 རྒྱབ་རྟེན་རྩེ་མོ་ནོར་བུའི་འོད་ཀྱིས་སྣང་བར་བྱས་པ། ཞབས་རྟེན་གསེར་ལས་བྱས་པ་དག་ཀྱང་བ་ཤམྦ་པ་དང་། ས་ཕྱོགས་ཀྱང་མེ་ཏོག་དྲི་བསུང་ཞིམ་པོ་སྣ་ཚོགས་ཀྱིས་མཛེས་པར་བྱས་ལ། མེ་ཏོག་གི་སིལ་མ་བཀྲམ་ཞིང
56a6 བཀོད་པ། དཔུང་གི་ཚོགས་ཡན་ལག་བཞི་ཕྱི་བཞིན་འབྲང་བ་ཤ་སྟག་སྟེ། སོ་སོ་ནས་མཆི་མ་ཁྲག་ལྟ་བུ་མི་ཐུབ་ཅིང་། མཆོག་ཏུ་སྡུག་བསྔལ་བས་གདུངས་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་།
56a7 སྙིང་བརྩེ་བའི་ཕྱིར།། གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཆོ་ག་རྣམ་པ་སྣ་ཚོགས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི




iiif viewer powered by OpenSeadragon

55b - 56b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo