| | e-texts navigator
|
52b1 པར་གྱུར་ཏེ། ངུས་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལི་ཙ་བྱི་གཞོན་ནུ་གཙང་མ་དྲི་མ་མེད་པའི་སྙིང་པོ་ལ་སོགས་པ་ཡངས་པ་ཅན་ན་གནས་པའི་ལི་ཙ་བྱི་གཞོན
52b2 ནུ་གྲོང་ཁྱེར་གྱི་ནང་ན་གནས་པ་དང་། ཕྱི་རོལ་ན་གནས་པ་དང་བཅས་པ་རྣམས། འཛམ་བུའི་གླིང་ན་གནས་པའི་རྒྱལ་ཕྲན་བློན་པོ་དང་བཅས་པ་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཐམས་ཅད་ཀྱང་དམ་པའི་ཆོས
52b3 བསྲུང་བ་ལ་མཁས་པ། ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པ། དམ་པའི་ཆོས་སུན་འབྱིན་ཅིང་རྟགས་ཅན་འཆལ་པ་རྣམས་ཀྱི་སིར་བ་ལྟ་བུར་གྱུར་པ་ཤ་སྟག་ལ། དེ་དག་ཐམས་ཅད་ཀྱང
52b4 འདི་ལྟ་བུར་འདོད་དེ། བདག་ཅག་གི་ནོར་དང་འབྲུའི་ཚོགས་དང་། མཛོད་དང་བང་བའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ནི། བདུད་རྩི་མི་ཟད་པར་བྱ་བ་དང་། བདུད་རྩི་གནས་པར་བྱ་བའི་ཕྱིར་ཡིན་གྱིས།
52b5 བདག་ཅག་གིས་དམ་པའི་ཆོས་ལ་ནན་ཏན་བྱའོ།། དམ་པའི་ཆོས་ལ་སུན་འབྱིན་ཅིང་། ལོག་པར་ལྟ་བ་རྣམས་ཀྱི་ལྕེ་གཅད་པར་བྱའོ་ཞེས་ལེགས་པར་དམ་བཅས་པ། ཚུལ་ཁྲིམས་འཆལ་པ། ཚུལ་ཁྲིམ
52b6 ལ་མི་གནས་པ་རྣམས་ནི་གོས་དཀར་པོ་གྱོན་དུ་བཅུག་སྟེ། ཁྱིམ་པའི་ལས་བྱེད་དུ་གཞུག་གོ་སྙམ་དུ་སེམས་བརྟུལ་བ། དམ་པའི་ཆོས་སྐྱུགས་པ་ལ་ནི་བླ་མ་བཞིན་དུ་རིམ་གྲོར་བྱའོ་སྙམ་དུ་དམ་བཅས་པ། དགེ
52b7 འདུན་ལ་ཕན་པ་དང་བདེ་བར་གནས་པར་བྱ་བ་ནི་ཡོངས་སུ་རྫོགས་པར་བྱས་ཏང་དེས་ཆོག་གོ་སྙམ་དུ་སེམས་པ་དང་། ཐེག་པ་ཆེན་པོ་ཐོས་པར་འདོད་ལ་ཐོས་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ་སྙམ་དུ་ཡི་དམ
iiif viewer powered by OpenSeadragon
52a - 53a