e-texts navigator
Collection
Volume
Page
Wylie

51b1 པ་ཐམས་ཅད་ཀྱིས་སྤངས་ཤིང་། བྱིས་པའི་སྐྱེ་བོ་དགའ་བར་བྱེད་པའི་འདོད་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་བྱེ་བ་སྙེད་ཀྱི་སྲིན་བུས་བསྟེན་པ། འདམ་བུ་དང་། ཨེ
51b2 རན་ད་དང་། དབུ་པ་དང་། ཆུ་ཤིང་ལྟ་བུར་སྙིང་པོ་མེད་པ། གློག་དང་རི་གཟར་པོའི་འདབ་ཆུའི་དབའ་རླབ་ས་ལྟར་ཤིན་ཏུ་མི་བརྟན་པའོ།། སྒྱུ་མ་དང་སྨིག་རྒྱུ་དང་། བྲག་ཆ་དང་། ཟླ་བའི་གཟུགས
51b3 བརྙན་ལྟར་སླུ་བར་བྱེད་པ། རླུང་ཤུགས་དྲག་པོས་རྣམ་པར་དཀྲུགས་པའི་ཆུའི་ཤུགས་ཀྱིས་བརྐོས་པའི་འགྲམ་གྱི་སྡོང་པོ་ལྟར་གཡངས་ན་འདུག་པའི་ཆོས་ཅན། སྤྱང་ཀི་དང་། ཝ་དང་། བྱ
51b4 རྒོད་དང་། བྱ་རོག་རྣམས་ཀྱི་ཟས་ཡིན་ན། སུ་ཞིག་འདི་ལྟ་བུ་ཚང་བ་ལ་དགའ་བར་བྱེད། རྒྱ་མཚོའི་ཆུ་ཐམས་ཅད་སྦྲའི་རྩེ་མོས་བླངས་ཏེ་བ་གླང་གི་རྨིག་རྗེས་སུ་བླུགས་པར་མི་ནུས་སྲིད་ཀྱི། ལུས་ནད
51b5 བརྒྱ་རྩ་བཞིས་གཟིར་བ་འདི་སྙིང་པོ་མེད་པ་དང་། མི་གཙང་བ་ནི་ཚིག་ཙམ་གྱིས་བསྟན་པར་མི་ནུས་སོ།། ས་ཆེན་པོ་འདི་རྒྱ་ཤུག་གི་འབྲས་བུའི་རུས་པའི་འབྲུ་ཙམ་ཤ་སྟག་ཏུ་བྱས་པ་འམ། ཡུངས་འབྲུ
51b6 ཙམ་མམ། རྡུལ་ཕྲ་རབ་ཀྱི་རྡུལ་ཙམ་ཤ་སྟག་ཏུ་བྱས་པས་ནི་ཟད་པར་འགྱུར་ཡང་སྲིད་ཀྱི། ལུས་འདི་ཡོད་ཀྱི་བར་དུ་འདིའི་ཉེས་དམིགས་ནི་མཐར་ཐུག་པར་མི་འགྱུར་ཏེ། དེ་བས་ན་དམ་པའི་ཆོས་བསྲུང་བའི
51b7 ཕྱིར་འདི་མཆིལ་མ་བཞིན་དུ་དོར་བར་བྱའོ་སྙམ་སྟེ། འདི་ལྟར་དགེ་བསྙེན་མ་དག་ཐམས་ཅད་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྔོན་པ་མེད་པ་བསྒོམས་པས་སེམས་བསྒོམས་པ་ཤ་སྟག་སྷོ།




iiif viewer powered by OpenSeadragon

51a - 52a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo