e-texts navigator
Collection
Volume
Page
Wylie

48b1 མའི་ཐེ་གུ་མང་པོ་རེ་རེ་ཞིང་ཡང་། ལྡོང་རོས་ཀྱི་མདོག་ལྟ་བུ་དང་། ཟར་མའོ་མེ་ཏོག་གི་མདོག་ལྟ་བུ་དང་། སྔོན་པོ་དང་། སེར་པོ་རྣམས་ཀྱིས་བར་བར་དུ་སྤེལ་བ་ཤ་སྟག་གོ། དེ་ལ་ཆིངས་མའི་ཐེ་གུ་མང་པོ་རེ་ར
48b2 ཞིང་ཡང་གསེར་ཐགས་ཀྱི་མཆོག་རྣམ་པར་དག་པ་ཡུལ་མང་པོར་གྲགས་པ་དག་གིས་སྤེལ་བ་ཤ་སྟག་གོ། དེ་ལ་ཡམ་སྲེག་ཤིང་སྣ་རེ་རེ་ཞིང་ཡང་སྤོས་དྲི་བསུང་ཞིམ་པོ་དང་། མེ་ཏོག་འཕྲེང་བ་དང་།
48b3 གུར་ཀུམ་གྱི་ཕྱེ་མ་དང་ལྡན་པར་བྱས་པ། གསེར་ཐགས་ཀྱིས་གཡོགས་པ། དར་སྣས་བརྒྱན་པ། རིན་པོ་ཆེ་སྣ་བདུན་གྱི་ཤུ་བས་སྔོན་པོ་དང་། སེར་པོ་དང་། སྔོ་སྐྱ་དང་། དཀར་པོ་དང་། བཙོད་ཀ
48b4 ལྟ་བུ་དག་གི་ནང་དུ་བཅུག་པ། ཡུལ་ཀ་ལིང་ཀའི་རས་དང་། ཟར་མའི་རས་དང་། ཟབ་དར་དང་། རྒྱ་དར་གྱི་མཆོག་རྣམས་ཀྱིས་དཀྲིས་པ། མེ་ཏོག་མང་པོས་བརྒྱན་པ། བྱུག་པ་དྲི་བསུང་ཞིམ་པོ་དག་གི
48b5 བྱུགས་པ་ཤ་སྟག་གོ། ། ཡམ་སྲེག་ཤིང་སཱ་རེའི་ཤིང་རྟ་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས་པ། ཁ་ཅིག་ཏུ་སྔོན་པོ་དང་། དཀར་པོ་དང་། བབ་ལའི་ཁ་དོག་དང
48b6 ཡཾ་ཁྲིའི་ཁ་དོག་པས་ལྷག་པའི་འོད་གསལ་བ་དང་ལྡན་པ་ཤ་སྟག་གོ། ། ཤིང་རྟ་དེ་དག་གི་གཉའ་ཤིང་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་དང་། དཔེ་མེད་པ། རྟ་ཅང་ཤེས་མགྱོག་པ་དག་དང་སྦྱར་བ་ཤ
48b7 སྟག་གོ། རྟ་དེ་དག་ཀྱང་རླུང་གི་ཤུགས་པས་མགྱོགས་པ། སྤུ་ཁ་ཆུ་སྐྱར་གྱི་མདོག་དང་། ལྡོང་རོས་ཀྱི་མདོག་དང་། སྤྲིན་གྱི་མདོག་ཅན་ཤ་སྟག་སྟེ། ཐབས་དེ་འདྲ་བའི་ཤིང་རྟ་རེ་རེའི་མདུན་ལོགས་དང




iiif viewer powered by OpenSeadragon

48a - 49a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo