e-texts navigator
Collection
Volume
Page
Wylie

48a1 བྱའོ་སྙམ་དུ་དམ་བཅས་པ། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་མཐུན་པར་བྱེད་ནུས་པ་ཤ་སྟག་དང་། བདག་ཅག་བརྒལ
48a2 ནས་གཞན་བསྐལ་བར་བྱའོ། ། བདག་ཅག་གྲོལ་ནས་གཞན་དགྲོལ་བར་བྱའོ།། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱའོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་སློབ་པར་འདོད་པ། གོ་ཆ
48a3 ཆེན་པོ་བགོས་པ། བསླབ་པ་རྣམས་ལ་སེམས་གུས་པ་དང་། དེ་བཞིན་དུ་ཡོན་ཏན་གྲངས་མེད་པ་དང་ལྡན་པ། བུ་གཅོག་པ་ལ་བྱ་བ་བཞིན་དུ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པ་ཤ་སྟ་ག་སྟེ། དེ་དག་ཀྱང་ཉི
48a4 མ་འཆར་ཀར་དེ་བཞིན་གཤེགས་པའི་གདུང་ཞུགས་ལ་ཞེན་པའི་ཕྱིར། རེ་རེས་ཀྱང་ཙན་དན་དང་། ཨ་ཀ་རུ་དང་། ཐང་ཤིང་གི་མཆོག་དང་། ཙན་དན་ས་མཆོག་པའི་བུད་ཤིང་རྣམས་དང་། ཡམ་སྲེག
48a5 ཤིང་དྲི་བསུང་དང་ལྡན་པ། ཡོན་ཏན་ལྔ་སྟོང་ལྔ་སྟོང་ཁྱེར་ཏེ་འོདྲ་སོ།། དེ་ལ་ཡམ་སྲེག་ཤིང་སྐ་རེ་ཞིང་ཡང་གསེར་གྱི་སྐུད་པ་རིན་པོ་ཆེ་སྣ་བདུན་རིགས་བདུན་དང་ལྡན་པས་སྤྲས་པ་དཀྲིས་པས། རི་མོ་ལ་བྲིས་པ་ཁོ
48a6 ན་བཞིན་དུ་འདུག་པ། རང་བཞིན་གྱིས་གཞོན་ཤ་ཅན་ལེགས་པར་བཅོས་པ་ཤ་སྟ་ག་སྟེ། སྣ་རེ་ཞིང་ཡང་འོད་རྣམ་པ་སྣ་ཚོགས་དང་ལྡན་པའི་ཕུང་པོ་ཆེན་པོ། མདོག་སྔོ་བ་དང་། བར་བར་ཁ་ཅིག་ཏུ་མདོག
48a7 དཀར། ཁ་ཅིག་ཏུ་སྔོ་སྱ། ཁ་གཅིག་ཏུ་རྩ་དམར། ཁ་གཅིག་ཏུ་སེར་བ། མིག་ཏུ་སྡུག་པར་བྱས་པ་ཤ་སྟག་གོ།། བམ་པོ་རེ་རེའི་གཡོགས་མའི་ཕྱར་བུ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ།། ཅིངས




iiif viewer powered by OpenSeadragon

47b - 48b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo