| | e-texts navigator
|
45b1 པར་འགྱུར་རོ། ། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མ་སེམྦ་ཅན་རྣམས་ཀྱི་བསོད་ནམ་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་ཟད་དོ།། ལས་མི་བཟད་པར་ནི་བྱུང་ངོ་།། ཚེ་དང་ལྡན་པ་དག་མྱུར་ཅིག། ཚེ་དང་ལྡན་པ་དག་མྱུར་ཅིག།
45b2 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེང་གི་ཡུད་ཙམ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོངས་པར
45b3 འགྱུར་རོ། ། དེ་བཞིན་གཤེགས་པ་མི་བཞུག་ན། བདག་ཅག་མགོན་མེད་པ་དང་། རྩ་ལག་མེད་པ་དང་། འཕོད་པར་ཇི་ལྟར་མི་འགྱུར་ཞིང་། བདག་ཅག་གི་ཐེ་ཙོམ་དང་། སོམ་ཉི་ཅི་དང་ཅི་ཡོད་པ་དེ་དང་དེ་དག་ཞུ་བར་བྱའོ་ཞེས་ཀྱང
45b4 འཛར་ཏོ། ། ཉན་ཐོས་ཆེན་པོ་འདི་དག་ཀྱང་དེ་ན་འཁོད་དེ། འདི་ལྟ་སྟེ། གནས་བརྟན་ཀ་ཏྱ་ཡ་ན་ཆེན་པོ་དང་། གནས་བརྟན་པ་ཀུ་ལ་དང་། གནས་བརྟན་ཉེ་དགའ་བོ་དང་། དེ་དག་ལ་སོགས་པ་གཞན
45b5 ངག་ཀྱང་དེ་ན་འཁོད་དེ། དེ་དག་ལ་འོད་ཟེར་གྱིས་ཕོག་ནས། འདར་རབ་ཏུ་འདར། དམ་དམ་རབ་ཏུ་དམ་དམ། འཁྲུགས་རབ་ཏུ་འཁྲུགས། བརྟགས་རབ་ཏུ་བརྟགས། འུར་འུར་རབ་ཏུ་འུར་འུར
45b6 འཁམས་རབ་ཏུ་འཁམས། རྨུགས་རབ་ཏུ་རྨུགས། རིངས་རབ་ཏུ་རིངས་ཏེ། དེ་ལ་སོགས་པ་དག་ཏུ་གྱུར་ནས་ཆས་སོ།། དེའི་ཚེ་དགེ་སློང་ས་ཡ་ཕྲག་བརྒྱད་སོ་ཤིང་ཟོས་ནས་ཕྱིར་བྱུང་སྟེ། གནས
45b7 བརྟན་དེ་དག་ལ་འོད་ཟེར་གྱི་སྣང་བ་ངོ་ཕོག་ནས། ཤིན་ཏུ་རིངས་པར་ཁ་གདོང་བཀྲུས་ཏེ། གཅིག་ལ་གཅིག་འཇུས་སོ།། དེ་བཞིན་གཤེགས་པའི་སྲས་དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ། དབང་ཐོབ་པ།
iiif viewer powered by OpenSeadragon
45a - 46a