| | e-texts navigator
|
262a1 ། བྱ་བའི་བྱི་ལྟར་ལས་རངས་ནསུ། གོས་ཆགས་སུ་བཅོས་ནུས་གྲགོས་ཕྱོགས་གཅིག་ཁྲུས་ཏེ། བྲས་མོས་ལ་བཅུགས་ནས་བྲལ་མོ་སྦྱ་བ་བཏུད་དེ། བཅོམ་ལྡན་འས་ལ་འདི་སྐད་ཅེས་གསོ།
262a2 ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཀུན་དགའ་བོས་སངས་རྒྱས་ཀྱི་ཞབས་འབྲིང་ན་མཆིས་ན་འཛུམ་པ་མཛད་པ་མཐོང་སྟེ། འདི་ལ་ངེས་པར་དགོངས་པོ་ནི་མངའ་ན། འཁོར་མང་པོའི་ཐེ་ཙོམ་གྱི་དྲ་བ་བཅད་པའི
262a3 སླད་དུ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། སངས་རྒྱས་ཀྱིས་བཤད་དུ་གསོལ། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་སྡེས།། གླེང་བཞིའི་ལེའུ་ཞེས་བྱ་བ་སྟེ་གཅིག་གོ།།
262a4 ། དེའི་ཚེ་དེའི་དུས་ན་འཁོར་མང་པོའི་འདུས་པ་དེར་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་པདྨོའི་སྡོང་པོ་དངུལ་ལས་བྱས། འདབ་མ་ནི་གསེར་ལས་བྱས། གཞི་ནི་རིན་པོ་ཆེ་ཤེལ་ལས་བྱས་པ
262a5 མུ་ཏིག་གི་ཟ་བས་ཀུན་ཏུ་བརྒྱན་པ་གཅིག་དེ་ཉིད་ནས་བྱུང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་ལས་བཞེངས་ནས། པདྨོ་དེ་ལ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ།། དེ་ལ་བཞུགས་མ
262a6 ཐག་ཏུ་ཡོངས་སུ་དག་པའི་སྐུ་མངོན་པར་བསྟན་ཏོ། ། སྐུ་དེ་ལས་ལམ་རྒྱུད་ལྔའི་ལུས་ཀྱི་ཚོགས་བསྟན། ལུས་ཀྱི་ཚོགས་རེ་རེ་ལའང་ཐ་དད་པ་རྣམ་པ་ཁྲི་བརྒྱད་སྟོང་སྙེད་བསྟན་ཏོ།། གཟུགས་རྣམ་པ་དེ་རེ་རེ
262a7 ལའང་སྐུའི་ཚོགས་བསྟན། རྡུལ་ཕྲ་རབ་ཀྱི་སྐུའི་ཚོགས་བརྒྱ་སྟོང་སྙེད་བསྟན། སྐུའི་ཚོགས་དེ་དག་རེ་རེ་ལའང་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་སྐུའི་ཚགས་སྙེད་བསྟན་ཏོ།། གངྐའི་ཀླུང་བཞིའི་བྱེ་མ་སྙེད
iiif viewer powered by OpenSeadragon
261b - 262b