| | e-texts navigator
|
261a1 @#། ལམ་བཏབ་བོ།། སངས་རྒྱས་དེས་ཐོག་མ་དེ་སྐད་ཅེས་སྤོན་ལམ་བཏབ་པས། ཁྱེད་རྣམས་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནུས། དེ་ལྟར་སངས་རྒྱས་ཉིད་གཤེགས་པ་དང་། ཇི་ལྟར་སངས
261a2 རྒྱས་ཉིད་བཞུགས་པ་དང་འདྲ་བར་སེམས་པར་བྱའོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམ་དཔའ་དེ་དག་ཐམས་ཅད་ཀྱིས་རིག་མཐུན་པར་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བགྱིའོ་ཞེས་གསོལ་ནས། བྱང
261a3 ཆུབ་སེམས་དཔའ་དེ་དག་རེ་རེའང་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་བ་དེར་སོང་སྟེ། དེ་དག་འཇིག་རྟེན་གྱི་ཁམས་གང་དང་གང་དུ
261a4 བྱིཕྱིན་པར་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། འོད་ཟེར་ཆེན་པོའང་ཀུན་ཏུ་སྣང་བར་གྱུར། སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས་མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོའང་ཆར་བཞིན་དུ་ཕབ
261a5 པོ། འོད་ཟེར་ཆེན་པོས་སྣང་བར་བྱས་ཤིང་། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གཡོས་སོ།། དེ་མ་ཡིན་པ་གཞན་ཡང་ལྷ་རྫས་ཀྱི་རོལ་མོ་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱང་སྟེང
261a6 གི་བར་སྣང་ལམ་དཀྲོལ་བར་རང་ཟེར་བཞིན་དུ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བྱ་རྒོད་སྤུངས་པའི་རིག་ལ་བ་དེར་དེ་བཞིན་གཤེགས་པའི་སྤྱན་སྔར་ལྷགས་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
261a7 སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་ངོ་།། དེ་བཞིན་དུ་ཕྱོགས་མཚམས་བཞི་དང་། སྟེང་དང་། འོག་གི་ཕྱོགས་དང་། ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ
iiif viewer powered by OpenSeadragon
260b - 261b