| | e-texts navigator
|
259a1 འདས་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་དབང་ཕྱུག་གྲགས་པའི་རྒྱལ་པོ་ཞེས་བྱ་བ་སྡང་བར་བྱས་སོ།། འཇིག་རྟེན་གྱི་ཁམས་དེ་ན་སངས་རྒྱས་པདྨོ་ལེ་བརྒན་གྱི་འོད་ཅེས་བྱ
259a2 བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར
259a3 པ། བླ་ན་མེད་པ། སྟོན་བརྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དྲི་མ་དང་བྲལ་བ་ཞེས་བྱ་བ་ན་བཞུགས་ཏེ། སངས་རྒྱས་ཀྱི་ཞིང་དེའང་ཤིན་ཏུ་མཉམ་ཞིང་གཞི་བཻ་ཌཱུཪྻ་ལས་བྱས
259a4 པ། གསེར་བཅོམས་ཐིག་རེའུར་དྲེས་པ། རིན་པོ་ཆེ་སྣ་བདུན་གྱི་ཤིང་བསྐྱེད་པ། ཤིང་དེ་དག་ཀྱང་མདའ་རྒྱང་གང་ཙམ་དུ་མཐོ་བ། མེ་ཏོག་དང་། འབྲས་བུ་དང་། ཡལ་ག་དང་། འདབ་མས་ཤིན
259a5 བརྒྱན་པ། རླུང་མི་དྲག་པས་བསྐྱོད་ན་སྒྲ་སྙན་པ་འབྱུང་བ། སྒྲ་དེའང་སོ་སོའི་སྐྱེ་བོས་ཐོས་ན་མི་ངོམས་པ། སྐབས་སྐབས་ན་ཆུ་མིག་དང་། མཚེའུ་དང་། ཁྲུས་ཀྱི་རྫིང་བུ་ཡོད་པ། ཡོན
259a6 ཏན་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ཞིང་། རྫིང་གི་ཞབས་ཀྱང་གསེར་གྱི་བྱེ་མ་བདལ་བ། རྫིང་གི་ངོས་བཞིན་བསུང་དམ་པ་དང་ལྡན་པའི་མེ་ཏོག་པདྨ་དང་། པྲནྡ་རི་ཀ་དང་། པ་རི་ཤ་ཀ
259a7 དང་། དེ་མ་ཡིན་པའི་མེ་ཏོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཤིང་རྟའི་འབང་ལོ་ཙམ་ཆུའི་སྟེང་ཡོངས་སུ་ཁེབས་ཏེ། ཆུའི་ནང་ན་བྱ་སྣ་ཚོགས་ཀྱང་ཤིན་ཏུ་ཡིད་དུ་འོང་བའི་སྒྲ
iiif viewer powered by OpenSeadragon
258b - 259b