e-texts navigator
Collection
Volume
Page
Wylie

258a1 འཇིག་རྟེན་གྱི་ཁམས་དེར་མཆི་ཞིང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་མཆོད་པ་དང་། བཀུར་སྟིར་བགྱི་བ་དང་། ཐབས་མཁས་པ་རྣོན་པོ་སངས་རྒྱས་དྲིན་ལྡན་བས་པ
258a2 པའི་མདོ་སྡེ་དམ་པ་ཉན་ཅིང་མཆི་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་སངས་རྒྱས་དེས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་ཁྱེད་མི་མཇེད་ཀྱི
258a3 འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས། སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་ཅིང་བཀུར་སྟི་བྱ་བ་དང་། ཤིན་ཏུ་ཕྲད་དཀའ་བའི་འདུ་ཤེས་བསྐྱེད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས
258a4 ཤཱཀྱ་ཐུབ་པ་ནི་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་གི་བར་དུ་ཤིན་ཏུ་སྤྱད་དཀའ་བ་སྤྱད་དེ། སྙིང་རྗེ་ཆེན་པོའི་སྨོན་ལམ་འདི་སྐད་ཅེས་བཏབ་བོ།། གལ་ཏེ་མངོན་པར་སངས་རྒྱས་པ་ན
258a5 འཇིག་རྟེན་གྱི་ཁམས་སྡིག་པ་ཅན་རི་དང་། ཤྲང་ཤོང་དང་། གྱོ་མེ་དང་། གསེག་མ་ལ་སོགས་པ་ཡོད་པའི་གནས་སུ་སེམས་ཅན་དག་ཀྱང་ཉོན་མོངས་པ་དང་བཅས་པ། མཚམས་མེད་པ་ལྔ།
258a6 དང་མི་དགེ་བ་བཅུ་རྫོགས་པའི་གནས་དེར་མངོན་པར་སངས་རྒྱས་ཏེ། ཕན་པ་དང་བདེ་བའི་དོན་དུ་སྡུག་བསྔལ་ཐམས་ཅད་ཡོངས་སུ་བཅད་དེ། བདེ་བ་ཐམས་ཅད་དང་ལྡན་པར་བྱས་ནས།། ཆོས
258a7 ཀྱི་སྐུ་ཡོངས་སུ་རྫོགས་ཤིང་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། ། སངས་རྒྱས་བཅོམ་ལྡན་འདས་ངེས་ཐོག་མ་དེ་སྐད་ཅེས་སྨོན་ལམ་བཏབ་པས།




iiif viewer powered by OpenSeadragon

257b - 258b

Texts on this page

S180 - thabs mkhas pa chen po sangs rgyas drin lan bsab pa'i mdo