e-texts navigator
Collection
Volume
Page
Wylie

257b1 རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། སྟོན་པ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ
257b2 བ་འཁོར་མང་པོས་ཡོངས་སུ་བསྐོར་ནས། འཁོར་མང་པོ་ཐམས་ཅད་ལ་ཐབ་སྔ་མཁས་པ་ཆེན་པོ་དྲིན་ལན་བསབ་པའི་མདོ་སྡེ་སྟོན་ཅིང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི
257b3 ཕྱིར། སེམས་ཅན་ཐམས་ཅད་ཀྱི་ལོག་པར་ལྟ་བའི་ཟུག་རྔུ་རྩད་ནས་འདོན་པའི་ཕྱིར། སེམས་ཐོག་མ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བརྟན་པར་བྱ་བའི་ཕྱིར། ཉན
257b4 ཐོས་དང་རང་སངས་རྒྱས་ཐམས་ཅད་མཐར་ཕྱིན་པའི་ཐེག་པ་གཅིག་གི་ལམ་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་ཅིང་། སངས་རྒྱས་ཀྱི་དྲིན
257b5 ལན་བསབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དྲིན་ལྕི་བ་དྲན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར། སོ་སོའི་སྐྱེ་བོ་དག་པ་མ་ལ་སྲི་ཞུ་བྱ་བར་འདོད
257b6 པའི་ཕྱིར་འོད་འདི་སྣང་བར་གྱུར་པ་ཡིན་ནོ། ། དེའི་ཚེ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་འཁོར་མང་པོའི་གཙོ་བོ་དང་སྟོན་པར་གྱུར་པ་སྟོང་ཕྲག་བཅུ་སྐྱེད་སྟན་ལས་ལངས་ཏེ། གླེགས་ཕྱོགས
257b7 གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷངས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་བདག་ཅག་རྣམས་མི་མཇེད་ཀྱི




iiif viewer powered by OpenSeadragon

257a - 258a

Texts on this page

S180 - thabs mkhas pa chen po sangs rgyas drin lan bsab pa'i mdo