e-texts navigator
Collection
Volume
Page
Wylie

253a1 ཞེན་ནས། ། ཁེ་དང་གྲགས་པའི་ཕྱིར་དམ་པའི་ཆོས་འཇིག་པར་བྱེད་དོ།། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཕྲག་དོག་བྱེད་དོ།། སྨོད་པའི་ཕྱིར་ཀུན་དགའ་བོ་ལ་འདི
253a2 སྐད་ཅེས་སྨྲས་སོ། ། ཁྱོད་ཀྱི་སྟོན་པ་གོའུ་ཏ་མ་ཤཱཀ་རིགས་ཀྱི་བུང་ནི་དགེ་བ་ཡིན་ཏེ། ཡོན་ཏན་ཆེན་པོ་དང་ལྡན་ནོ་ཞེས་སྨྲ་བའང་མིང་ཙམ་དུ་ཟད་དེ། བདེན་པའི་དངོས་པོ་མེད་དོ།། ཁྱོད་ཀྱི་སྟོན་པ
253a3 གེའུ་ཏ་མ་ནི་ཡང་དག་པར་ན་སྡིག་པ་ཅན་ཡིན་ཏེ། བཙས་ནས་ཞག་བདུན་ལེན་ནམའང་ཤི་བས་སྡིག་ཅན་ཡིན་པར་མངོན་ནོ།། རྒྱལ་པོའི་བཟང་ན་འཇུག་པ་ལས། བོ་ཟུང་ནང་ནས་ཐོས་པས
253a4 ཡབ་རྒྱལ་པོའང་མྱ་ངན་གྱིས་ནོན་ཏོ། ། སེམས་འཁྲུགས་ནས་བརྒྱལ་བ་ལས་ཆུས་གཏོར་ཏེ་ཞག་བདུན་ལོན་པ་དང་དྲན་པ་ཕྱིར་རྙེད་དེ། རྨོངས་བཏབ་ནས། ངའི་ལྷ་བུ་གཅིག་དེང་དུ་སྟོར་རོ་ཞེས
253a5 སྙིང་རྗེ་རྗེ་སྐད་དུ་ངུས་ནས་ངའི་ཡུལ་དང་སྲིད་ཀྱང་ཁྱོད་འབའ་ཞིག་དབང་བར་ཟད་ན། ཅིའི་ཕྱིར་ངེད་སྤངས་ཏེ་རི་དགོན་པར་ཆས་ཞེས་སྨྲེ་སྔགས་འདོན་དུ་བཅུག་པས། ཁྱོད་ཀྱི་སྟོན་པ་གོའུ་ཏམ
253a6 དྲིན་མི་ཤེས། ཅི་ལའང་མ་བལྟས་པར་ལངས་ཏེ་སོང་བས་ན། སྲི་ཞུ་མེད་པར་ཡང་མངོན་ནོ།། ཡབ་རྒྱལ་པོས་ཕོ་བྲང་བརྩིགས་ནས་ཆུང་མ་བླངས་པ་ལས་ཀྱང་ཆུང་མའི་ལས་མ་བྱས་ཏེ།
253a7 མྱ་ངན་གྱིས་གདུངས་པར་བྱས་པས་ན།། ཁྲེལ་མེད་པའང་ཡིན་པར་མངོན་ནོ།། ཀུན་དགའ་བོས་དེ་སྐད་ཅེས་སྨྲས་པའི་ཚིག་དེ་དག་ཐོས་ནས། ངོ་ཚ་ཞིང་སྐྱེངས་ཏེ་བསོད་སྙོམས་བླངས་ཏེ་ཕྱིར།




iiif viewer powered by OpenSeadragon

252b - 253b

Texts on this page

S180 - thabs mkhas pa chen po sangs rgyas drin lan bsab pa'i mdo