e-texts navigator
Collection
Volume
Page
Wylie

252b1 དེ་ལ་སོགས་པ་སོ་སོ་ནས་འཁོར་བརྒྱ་སྟོང་སྙེད་ལྷགས་ནས། སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་ར་བཅོམ་ལྡན་འདས་ལ་འཁོར་མང་པོས་ཡོངས
252b2 སུ་བསྐོར་ཏེ། རིམ་གྲོ་དང་མཆོད་པ་བྱས། བཀུར་སྟི་དང་བཅས་པས་ཡོངས་སུ་བསྟོད་པ་བྱས་སོ།། དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཀུན་དགའ་བོ་སྔ་དྲོའི་དུས་སུ་རྒྱལ་པོའི་ཁབ
252b3 ཏུ་ཞུགས་ནས། མཐར་གྱིས་བསོད་སྙོམས་བླངས་སོ།། དེའི་དུས་ན་བྲམ་ཟེ་ཕ་མ་ལ་སྲི་ཞུ་ཆེར་བྱེད་པ། ཁྱིམ་སོ་ཞིག་ནས་ཅིའང་མི་བདོག་པ་ཞིག་ཀྱང་མ་ཆན་ཁུར་དུ་ཁྱེར་ཏེ་མཐར་གྱིས་སློངས་མོ་བྱེད
252b4 དེ། ཡང་ཁ་ཟས་ཞིམ་པོ་རོ་དང་ལྡན་པ་འམ། ཤིང་ཐོག་བཟང་པོ་དག་རྙེད་ན། ཕ་མ་ལ་སྟོབས་སོ།། ཁ་ཟས་ངན་པ་རོ་མེད་པ་འམ། ཤིང་ཐོག་སྐམ་པོ་དག་རྙེད་ན་བདག་རང་ཟའོ།། ཀུན་དགའ
252b5 བོས་དེ་ལྟ་བུ་དག་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། མི་དེ་ལ་ལེགས་སོ་ལེགས་སོ་ཞེས་སྙན་པས་བསྟོད་ནས། རིགས་ཀྱི་བུ་ཕམ་ལ་སྲི་ཞུ་བྱེད་ཅིང་མཆོད་པ་བྱེད་པ་དེ་མཚར་ཆེ་སྟེ།
252b6 ལེགས་སོ་ཞེས་སྨྲས་སོ།། དེ་ནས་ཀུན་ཏུ་རྒྱུ་སྟོན་པ་དྲུག་གི་བསྟན་པ་ལ་ཕྱོགས་ཤིང་གྲོགས་སུ་གྱུར་པ་གཅིག་དབང་པོ་རྣོ་བ། གཙུག་ལག་དང་རིག་བྱེད་རྣམ་བཞི་ལ་མཁས་པར་གྱུར་པ། སྐར་མ
252b7 དང་རྩིས་ལ་མཁས་པ། དགེ་སྡིག་གི་ལྟས་རྣོ་བ། མོ་དང་གཙུག་ལག་གི་རིག་པས་ཕ་རོལ་གྱི་སེམས་ཤེས་པ། ཕལ་མང་པོའི་སློབ་དཔོན་དུ་གྱུར་པ། ཀུན་གྱིས་བཀུར་བ་གཅིག་ལྟ་བ་ངན་པ་ལ




iiif viewer powered by OpenSeadragon

252a - 253a

Texts on this page

S180 - thabs mkhas pa chen po sangs rgyas drin lan bsab pa'i mdo