| | e-texts navigator
|
249b1 ཟུག་པ་ལ་སོགས་པའི་ནང་གློ་བུར་དག་ཀྱང་ཡོད་དོ། ། ཆོས་སྤྱོད་པ་རྣམས་དང་འགྲོགས་པ་ཐམས་ཅད་བདེ་བ་ཞེ་བྱ་བ་དེའང་ལྷག་མ་ཡོད་པའི་དོན་ཏེ། འཇིག་རྟེན་པ་རྣམས་ལའང་ཆོས་འཛིན་པ
249b2 དང་འཚམ་པའི་ཆོས་རྣམ་པ་མང་པོ་དག་ཡོད་དེ། དེ་དག་ལའང་བྱ་བ་སྣ་ཚོགས་ཡོད་མོད་ཀྱི། སྨྱུང་བ་རྣམ་པ་སྣ་ཚོགས་ཅན་ལུས་ཉོན་མོངས་པ་དེ་དག་དང་གལ་ཏེ་ལ་ལ་ཞིག་འགྲོགས་པར་གྱུར་ན་ཅི་བདེ
249b3 བ་ལ་སྟེན་པར་འགྱུར་རམ། དེ་ལྟར་ན་ནི་དོན་དང་འགལ་བར་འགྱུར་རོ།། དེ་བས་ན་སངས་རྒྱས་ནི་རྒྱུ་མེད་པར་དོན་དང་འགལ་བར་སྟོན་པར་མི་མཛད་དེ། གདུལ་བར་བྱ་བའི་དབང་གིས་རྒྱུ་དང་བཅས།
249b4 རྐྱེན་དང་བཅས་པར་སྟོན་པར་ཤེས་པར་གྱིས་ཤིག། འཇིག་རྟེན་ལས་འདས་པའི་ཆོས་ནི་མཆོག་ཏུ་བདེ་བ་ཡིན་ནོ།། ཚིགས་སུ་བཅད་པ་འདི་ནི་གྲོང་ཁྱེར་གྱེན་དུ་རྒྱལ་ཞེས་བྱ་བའི་བྲམ་ཟེ་ལུག་དཔལ་ཞེ
249b5 བྱ་བ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། བྲམ་ཟེ་ལུག་དཔལ་ཞག་བཞི་པའི་སྤྱད་པ་བྱེད་ཅིང་། ངའི་ཐད་དུ་འོངས་ནས་ངས་དེའི་ཞག་བཞི་པའི་སྨྱུང་བའི་ལྟ་བ་བསལ་བའི་ཕྱིར། སེམས
249b6 ཅན་ཐམས་ཅད་ཟས་ལ་རྟེན་ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་བསྟན་ཏོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུངས་ཆེན་པོ་དང་རུས་གཅིག་པས
249b7 འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཐམས་ཅད་མ་ལུས་པ་ཇི་ལྟ་བུ་ལགས། ཐམས་ཅད་ཅེས་བགྱི་བའང་ཇི་ལྟ་བུ་ལགས། བཀའ་སྩལ་པ། མ་ལུས་པའི་དོན་ནི་དགེ་བའི་ཕྱོགས
iiif viewer powered by OpenSeadragon
249a - 250a