| | e-texts navigator
|
247b1 ཏེ། འདི་ནི་ཁྱིམ་བདག་ལ་ལ་ཞིག་བདག་གི་བུ་བྱིས་པའི་སློབ་དཔོན་ལ་གཏད་ན་ཅི་ལགས། ཁྱེའུ་དེ་གཞན་གྱི་དབང་དུ་གྱུར་པ་ཞེས་མི་བགྱི་ལགས་སམ། དེ་ལ་གཞན་གྱི་དབང་དུ་གྱུར་པ་མ་ལགས་སོ་ཞེས
247b2 བགྱིས་ནའང་དོན་དང་འགལ་བར་འགྱུར་ལ། དེའང་རང་དབང་ཅན་ལགས་སོ་ཞེས་བགྱིས་ནའང་དོན་དང་འགལ་བར་འགྱུར་ཏེ། ཆོས་འདི་ནི་ཤིན་ཏུ་བརྟག་དཀའ་བ་ལགས་སོ།། འདི་ན་རྒྱལ་པོའི་བུ་ལ
247b3 ལ་བཅོས་སུ་མི་རུང་བར་འགྱུར་ཏེ། དེ་ཅིའང་སློབ་མི་འཚལ་ནས་རང་དགའ་དང་རང་ཉམས་དུ་འཁྱམ་པ་དེ་ལ་རང་དབང་ཅན་མ་ལགས་ཞེས་བགྱིས་ན་ནི་དོན་དང་ཚབས་ཆེར་འགལ་བར་འགྱུར་ལ།
247b4 གཞན་གྱི་དབང་དུ་གྱུར་ཏོ་ཞེས་བགྱིས་ན་ནི་དོན་དང་འགལ་བར་འགྱུར་ཏེ། ཆོས་འདི་ནི་ཤིན་ཏུ་བརྟག་དཀའ་བ་ལགས་སོ།། གཞན་གྱི་དབང་གྱུར་ཅེས་བགྱི་བའི་ཚིག་བླ་དགས་ནི། དེ་རང་དབང་དུ་གྱུར་ན
247b5 སྡིག་པ་བགྱིད་པ་དང་འགུམ་པར་འགྱུར་བས་ན། བཀའ་སྩལ་པ་འདི་ནི་ལྷག་མ་ཡོད་པའི་དོན་ལགས་ཏེ། དེ་བས་ན་གཞན་གྱི་དབང་དུ་གྱུར་པ་ཐམས་ཅད་སྡུག་པའང་མ་ལགས། རང་དབང་ཅན་ཐམས
247b6 ཅད་བདེ་བའང་མ་ལགས་སོ། ། ང་རྒྱལ་དབང་གྱུར་ཀུན་མི་བཟད་།། ཅེས་བགྱི་བ་དེའང་ལྷག་མ་ཡོད་པའི་དོན་ལགས་ཀྱི། ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་བཟད་པའང་མ་ལགས་ཏེ། འདི་ནི་ལ་ལ
247b7 ཞིག་ང་རྒྱལ་གྱི་དབང་གིས་རབ་ཏུ་བྱུང་ན་ཅི་ལགས། རབ་ཏུ་བྱུང་བ་དེ་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་བཟད་པ་ཅེས་བགྱི་ལགས་སམ། དེ་ནི་ང་རྒྱལ་མ་མཆིས་པ་དང་། བསོད་ནམས་དང་ལྡན་པ་དང་།
iiif viewer powered by OpenSeadragon
247a - 248a