| | e-texts navigator
|
246a1 ཉམས་ལས་དཔག་བྱ་ཞིང་།། བརྡེག་པར་མི་བྱ་གསད་མི་བྱ།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། ཆད་པས་ཐམས
246a2 ཅད་སྐྲག་མི་འགྱུར། ། སྲོག་ཀྱང་ཀུན་ལ་འཕངས་མ་ལགས།། བདག་གི་ཉམས་ལས་དཔག་འགྱུར་ཞིང་།། ཐབས་ཀྱིས་བགྱི་བ་རྟོགས་པར་བགྱི།། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ
246a3 བཀའ་སྩལ་པ་ནི་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། དགྲ་བཅོམ་དང་ནི་འཁོར་ལོས་སྒྱུར།། གླང་རྟེན་བུད་མེད་རིན་ཆེན་དྲང་།། ཁྱིམ་བདག་རིན་ཆེན་རྟ་རྣམས་ནི།། གནོད་པ་ཅིས་ཀྱང་མི་ཚུགས
246a4 སོ། ། ཁདི་རྣམས་ལ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་སུས་ཀྱང་གནོད་པར་བགྱིད་པའི་རྔོ་མི་ཐོགས་ཏེ། དགྲ་དྲག་ཤུལ་གྱི་སྟོབས་ཅན་རྣམས་ཀྱིས་ཀྱང་དེ་དག་ལ་གནོད་པས
246a5 འཇིགས་མི་སྲིད་ལགས་སོ། ། དེ་དག་ནི་ལྷ་དང་། བདུད་དང་། ཚངས་པ་རྣམས་ཀྱིས་ཀྱང་མི་འཇིགས་ལགས་སོ།། དེ་བས་ན་སེམས་ཅན་དེ་དག་ནི་ཅིས་ཀྱང་མི་ཚུགས་པ་ཞེས་བགྱི་ལགས་སོ།།
246a6 གཡུལ་ངོར་གཅིག་ཏུ་དཔའ་བ་དང་། གཅིག་ཏུ་ཁྱིམ་ཐ་བ་ལ་མི་འཁུ་བའི་ཆུང་མ་དང་། སེང་གེ་དང་། སིནྡ་དུ་པའི་རྟ་ཅང་ཤེས་དང་། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འདི་རྣམས་ནི་གནོད་པས
246a7 ཚུགས་པ་ལགས་ཀྱི་ཀྱང་ཅིས་ཀྱང་མི་འཇིགས་ལགས་སོ། ། དེ་ལ་ཆང་པ་དག་གིས་ཐམས་ཅད་སྐྲག། ཅེས་བགྱི་བ་ནི་འདིར་ལྷག་མ་ཡོད་པའི་དོན་ལགས་པས་ན་མདོར་བསྡུས་པ་ལགས་སོ།།
iiif viewer powered by OpenSeadragon
245b - 246b