| | e-texts navigator
|
242a1 བཞིན་དུ། མདོ་སྡེ་ཆེན་པོའི་ཉི་མ་འདི་ཤར་བ་ན་དེ་ལྟར་སྒོམ་པར་བྱེད་པར་སེམས་ཅན་རྣམས་ཀྱི་སྡིག་པའི་ཕུང་པོ་གྲངས་མེད་པ་བྱས་པ་རྣམས་ཟད་པར་འགྱུར་ཏེ། དེ་ལྟར་ན་དམ་པའི་ཆོས་འབྱིན
242a2 ནི་འབྲས་བུ་ཆེ་བ་ཡིན་ནོ། ། མཚམས་མེད་པ་བྱེད་བྱེད་པ་རྣམས་དང་། མདོ་སྡེ་སྤོང་བ་གང་ཡིན་པ་དེ་དག་གལ་ཏེ་ཀྱེ་མ་བདག་ཅག་གིས་མདོ་སྡེ་སྤོང་བ་བྱས་པ་འདི་ནི་བདག་ཅག་རླག་པར་འགྱུར་བ་ཡིན་ཏེ། ཉེས་པ་བྱས་སོ་སྙམ
242a3 འགྱོད་ཅིང་གདུང་བར་གྱུར་ནས་བདག་ཅག་གི་སྐྱབས་ནི་མདོ་སྡེ་འདི་ཉིད་ཡིན་ཏེ། འཁྲས་གཞན་མ་མཐོང་ངོ་སྙམ་དུ་སེམས་སྐྱེད་པར་བྱེད་ན་དེ་དག་ནི་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། དུས་སྲིད་ཀྱི་བར་དུ་མདོ་སྡེ་ལ
242a4 སྐྱབས་སུ་མ་སོང་བའི་བར་དུ་ནི། དེ་དག་ལ་བྱིན་པ་འབྲས་བུ་ཆུང་བར་འགྱུར་རོ།། གང་གི་ཚེ་མདོ་སྡེ་ལ་སྐྱབས་སུ་སོང་བ་དེའི་ཚེ་ནི་དེ་དག་ཀྱང་ཡོན་གནས་སུ་འགྱུར་རོ།། གལ་ཏེ་མཚམས་མེད་པ་བྱེད་བྱེད་པའང་འགྱོད་དེ།
242a5 ཀྱེ་མ་བདག་གིས་མི་རིགས་པ་བྱས་ཀྱི། བདག་གིས་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་སེམས་ན། དེའང་མཚམས་མེད་པ་བྱེད་བྱེད་པ་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ནི་ཆུང་ངུ་ཞིག་བྱིན་ནའང་འབྲས་བུ་ཡོད་དོ།། མཆོག་ཏུ་ཚུལ
242a6 ཁྲིམས་འཆལ་པ་ཅིག་ཤོས་དེ་དག་ལ་བྱིན་པ་ནི་འབྲས་བུ་ཅུང་ཟད་ཀྱང་མེད་དོ། ། རིག་ཀྱི་བུ་གཞན་ཡང་ལམ་པ་བྱེད་བྱེད་པས་ཇི་ལྟར་བྱ་བ་ཉོན་ཅིག། ཕམ་པ་བྱེད་བྱེད་པས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དེ། དེ་བཞིན་གཤེགས་པའི
242a7 སྙིང་པོ་ཁོང་དུ་ཆུད་པར་བྱས་ན་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་བསམ་ན་དེ་ལ་བྱིན་པའང་ཆེས་ཁྱད་པར་ཅན་དུ་འགྱུར་རོ། ། རིགས་ཀྱི་བུ་དཔེར་ན་བུད་མེད་སྦྲུམ་མ་ཞིག་ཡུལ་འཁྲུགས་ནས་ཡུལ་གཞན་དུ་སོང་སྟེ། ལྷ་ཁང
iiif viewer powered by OpenSeadragon
241b - 242b