| | e-texts navigator
|
239b1 དང་མཆོག་ཏུ་བརྟན་པ་ཡིན་པར་ཡང་དག་པར་ལྟོས་ཤིག། གཞི་གསུམ་རྟག་པའི་གསང་སྔགས་ཀྱི་སྦ་བ་དང་། བསྲུང་བ་འདི་སྲུང་བར་གྱིས་ཤིག། གཞི་གསུམ་རྟག་པའི་གསང་སྔགས་ཀྱིས་ནི། གནམ་ལྕགས
239b2 ཀྱིས་ཚིག་པའི་ཤིང་རྣམས་ཀྱང་སྐྱེ་བར་འགྱུར་ཏེ། ཡལ་ག་ཕྲེའུ་དང་། སྦལ་མིག་བྱེ་བ་དང་། ལོ་མ་ལ་འབུས་པ་དང་ལྡན་པར་འགྱུར་རོ།། འཁོར་བཞི་པོ་ལས་གཞི་གསུམ་རྟག་པར་རྗེས་སུ་ཡི་རང་བའི་གཏམ་འདི་ཕན
239b3 ཚུན་ཐོས་ནས། ། བྱང་ཆུབ་ཀྱི་སེམས་སྐྱེ་མི་དགོས་པར་འཛིན་ཀྱང་གཞི་གསུམ་མཆོག་ཏུ་རྟག་པའི་རྒྱུས་ན། བྱང་ཆུབ་ཀྱི་རྒྱུར་སྐྱེ་བར་འགྱུར་ཏེ། འདི་ནི་སངས་རྒྱས་ཀྱི་རྗེས་སུ་ཡི་རང་བ་ཞེས་བྱའོ།། གཞི་གསུམ་རྟག་པ་ལས
239b4 བྱུང་བའི་རྗེས་སུ་ཡི་རང་བ་འདི་དགེ་སློང་ངམ། དགེ་སློང་མ་གང་དག་སེམས་ཅན་རྣམས་ལ་སྟོན་པར་བྱེད་པ་དེ་དག་ནི་ཡུལ་འཁོར་གྱི་བསོད་སྙོམས་ཟ་བར་འོས་པ་ཡིན་ནོ།། ཅིག་ཤོས་དག་ནི་འོས་པ་མ་ཡིན་ནོ།། ཇི་ལྟར་རྗེས་སུ་ཡི་རང་བ
239b5 འདིས་གདོལ་པདེ་འཇིག་རྟེན་ཐམས་ཅད་དུ་བདེ་བར་གྱུར་པའི་ཆོས་ཀྱི་བདེན་པ་དེས་ན། དམ་པའི་ཆོས་འདོད་པ་རྣམས་ལ་བགེགས་མེད་པ་དང་། གནོད་པ་མེད་པར་གྱུར་ཅིག། དེ་ནས་ལྷ་དང་། ལྷ་མ་ཡིན་དང
239b6 ང་བཅས་པའི་འཇིས་རྟེན་གྱིས་དེ་བཞིནི་གཤེགས་བརྟམ་པར་འོང་དུ་ཆུ་གས། རང་ཏུ་དད་པཔའི་སེམས་དང་། དགེ་པའི་སེམས་དང་། སློར་པ་དང་ཐམ་པའི་སེམས་དང་། གསོལ་བམེད་པའི་སེམས་དང་། བང
239b7 ཁལ་བྱེ་བ་ལྟ་བུའི་བཞིན་དང་ལྡན་པར་གྱུར་ནས་ལྷའི་མཆོད་པ་ཆེན་པོའི་ལས་བྱས་ཏེ། མེ་ཏོག་དང་། ཕྱེ་མ་དང་། བདུག་པ་དང་། སྤོས་ཀྱིས་བསྒོ་བ་ལ་སོགས་པས་གཏོར་ཏོ།། སིལ་སྙན་ལ་སོགས་པའང
iiif viewer powered by OpenSeadragon
239a - 240a