e-texts navigator
Collection
Volume
Page
Wylie

237a1 དུ་འཛིན་ཏོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཁྱིམ་བདག་གམ་ཚོང་དཔོན་ཡང་རུང་སྟེ། རང་གི་བུ་ཟླ་བ་བཅུ་དྲུག་ལོན་པ་དང་། ལྷན་ཅིག་ཏུ་ལྐུགས་པ་བཞིན་དུ་སྨྲ་བར་བྱེད་དེ། དེའི་དབང
237a2 གིགིས་བུ་དེའི་མིའི་སྐད་སློབ་པར་བྱེད་ན། ཅི་དེའི་ཕ་ལྐུགས་པ་ཞེས་བྱ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བུ་དེའི་དབང་གིས་བགྱིད་པར་བལྟ་ལགས་སོ།། བཀའ་སུམ་པ། རིགས་ཀྱི་བུ
237a3 དེ་བཞིན་དུ་དེ་བཞིན་གཤེགས་པའང་ལྐུགས་པ་བཞིན་དུ་གསུང་སྟེ། སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་དགོད་པའི་ཕྱིར་དེ་ལྟ་བུའི་སྐུ་སྟོན་པར་མཛད་ན། ཅི་དེ་བཞིན་གཤེགས་པའང་ལྐུགས་པ་ཞེས་བྱ་འམ།
237a4 གསོལ་པ། བཅོམ་ལྡན་འདས་དེ་ནི་ལེགས་ཏེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེང་གེའི་སྒྲ་སྒྲོགས་པ་ལགས་ན། ལྐུགས་པ་ལྟར་གསུང་བ་དེ་ནི་འཇིག་རྟེན་དང་མཐུན་པར་མཛད་པར་བལྟ་བར་བགྱི་ལགས་སོ།།
237a5 དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས་བཀྱེ་སྟེ། འོད་ཟེར་དེ་དག་གིས་མགར་བའི་བུ་ཙུན་ད་ལ་ཕོག་ནས། ཀྱེ་མ་དེ་བཞིན་གཤེགས་པ་ལ་ཕྱིན་ཆད་དབུལ་དུ་མེད་པའི་སྦྱིན་པ་ནི་དཀོན
237a6 པ་ཡིན་ནོ་སྙམ་ནས། ཤིན་ཏུ་རིངས་པར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཚིམ་པར་འགྱུར་བའི་ཞལ་ཟས་སྦྱར་ཏེ། རང་གི་འཁོར་རྣམས་དང་ལྷན་ཅིག་ཏུ་རིང་བར་འཛམ་བུ་ཆུ་ཀླུང་གི་གིསར་དྲི་མ་མེད
237a7 བའི་སྣོད་དཀྱིལ་དུ་ནོར་བུའི་འབུར་མཐོན་པོ་འོད་ཅན་གྱིས་སྤྲས་པ་རྣམས་དང་། ཁ་ཅིག་ནི་དངུལ་གྱི་སྣོད་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་རྣམས་ཞལ་ཟས་སྐྱུ་རུམ་སྣ་ཚོགས་དང་སྦྱར་བས་བཀང་བ་དང་། མཆོད་པའི་ཡོ་བྱད་མང




iiif viewer powered by OpenSeadragon

236b - 237b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo