e-texts navigator
Collection
Volume
Page
Wylie

236b1 ། རྣམས་ཟ་བ་ན། རོའི་བྱེ་བྲག་མི་ཕྱེད་པ་དེ་བཞིན་དུ། སེམས་ཅན་མི་ཤེས་པ་ལྕེ་དང་། རྐན་དང་། ལྐོག་མ་ཚིག་པ། མ་རུངས་པ། འཇིགས་སུ་རུང་བ། གཞི་གསུམ་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི།
236b2 ལྕེ་དང་། རྐན་དང་། ལྐོག་མཆོག་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི་དམུས་ལོང་གི་མཆོག་ཡིན་ནོ་ཞེས་ངཟེར་རོ།། དེ་བཞིན་གཤེགས་པ་རྟག་པར
236b3 ཤེས་པ་གང་ཡིན་པ་དེ་དག་ནི་ཤའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་ལྷའི་མིག་དང་ལྡན་པ་ཡིན་ནོ་ཞེས་ང་ཟེར་རོ། ། རིགས་ཀྱི་བུ་གཞན་ཡང་མདོ་སྡེ་འདི་ཐོས་ནས་དེ་བཞིན་གཤེགས་པ་རྟག་པར་ཤེས་ཤིང་ཁོང་དུ་ཆུད་པ
236b4 གང་ཡིན་པ་དེ་དག་ནི་ལྷའི་མིག་དང་ལྡན་པ་ཡིན་ནོ་ཞེས་ང་ཟེར་རོ། ། ལྷའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི་ཤའི་མིག་དང་ལྡན་པ་ཡིན་ནོ་ཞེས་ང་ཟེར་རོ།། དེ་དག་ནི་ད་དུང་བསྐལ
236b5 དབྱེ་བ་མང་པོར་ཡང་བདག་གི་མགོ་མཇུག་ཅི་འདྲ་བའང་མཐོང་བ་འམ་བསྟན་མི་ནུས་ཏེ། དེ་བས་ན་དེ་དག་ནི་དེ་བཞིན་གཤེགས་པ་བརྟག་པར་བསྒོམས་པ་དང་བྲལ་བའི་ཕྱིར་ཤའི་མིག་དང་ལྡན་པ་ཞེས་ཟེར་རོ།། རིགས་ཀྱི
236b6 བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་ཐམས་ཅད་ཀྱི་ལམ་ལྟ་བུ་ཡིན་ནོ། ། ཅིའི་ཕྱིར་ཞེ་ན། སེམས་ཅན་རྐང་གཉིས་དང་རྐང་མངས་ཐམས་ཅད་ལ་རང
236b7 གི་ཡུལ་བཞིན་དུ་ཆོས་སྟོན་ཅིང་། ཚིག་གཅིག་གིས་སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་ཡུལ་བཞིན་དུ་ཤེས་པར་འགྱུར་ཏེ། ཀྱེ་མ་བདག་ཅག་གི་རང་བཞིན་དང་། འདུ་ཤེས་རྣམ་རྟོག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ་སྙམ།




iiif viewer powered by OpenSeadragon

236a - 237a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo