| | e-texts navigator
|
236a1 དགེ་བའི་རྩ་བ་སྤངས་པ། འཚོ་བས་འཕོངས་པ། བཀྲེས་ཤིང་སྐོམ་པས་གཟིར་བ། མུ་གེས་མནར་བ། རང་གིས་ལུས་ཙམ་གཙོ་བོར་བྱེད་པ། འཚོ་བ་དོན་དུ་གཉེར་བ། མི་བརྟན་པ་རྣམས
236a2 འབྱུང་བར་འགྱུར་བ་དེ་དག་ཡིན་ཏེ། དེ་དག་གིས་ངའི་ཉན་ཐོས་ལུང་བསྟན་པ་ཐོས་ན་འཕྱས་འདོགས་ཤིང་བཤེ་བར་འགྱུར་ལ། བརྡ་མི་ཕྲད་པ་ནས་ཚུལ་ཁྲིམས་འཆལ་བ་ཡིན་ནོ་ཞེས་བླ་བར་བྱེད་དོ།། ངའི་ཉན་ཐོས་དེ་དག་ནི་དགེ།
236a3 སྤྱོད་མ་ཡིན་ཏེ། གདོལ་པ་རྣམས་དང་མཉན་པ་ཇི་ལྟ་བ་བཞིན་ནོ།། རིགས་ཀྱི་བུ་དེ་བས་ན་ང་ནི་སེམས་ཅན་མྱུར་བའི་སྨོན་ལམ་ཅན་རྣམས་ནི་སངས་རྒྱས་སུ་ལུང་སྟོན་པར་བྱེད་དོ།། དམ་པའི་ཆོས་འབྱུང་བའི་སྦྱོར་བཅ
236a4 དེ་དག་ནི་ཇི་ལྟར་འདོད་པ་བཞིན་དུ་ཡུན་རིང་མོ་ཞིག་གིས་སངས་རྒྱས་ཀྱི་གནས་སུ་ལུང་སྟོན་པར་བྱེད་དོ། ། གསོལ་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཡོག་འཁོར་མི་ཕྱེད་པ་དང་ལྡན་པར
236a5 འགྱུར་ལགས། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ནི་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་དེའི་སྦྱོར་བ་བརྟན་པོར་བྱས་ན། གཡོག་འཁོར་མི་ཕྱེད་པ་དང་ལྡན་པར་འགྱུར་རོ།། གསོལ་པ
236a6 སེམས་ཅན་མ་རུངས་པ། འཇིགས་སུ་རུང་བ། ལྕེ་དང་། རྐན་དང་། ལྐོག་མ་ཚིག་པ་རྣམས་ཅི་ལས་འགྱུར་ལགས།། བཀའ་སྩལ་པ། གཞི་གསུམ་མི་ཤེས་པ་གང་ཡིན་པ་དེ་དག་ནི། སེམས་ཅན་མ་རུངས་པ། འཇིགས
236a7 སུ་རུང་བ། ལྕེ་དང་། རྐན་དང་། ལྐོག་མ་ཆོག་པར་འགྱུར་རོ།། དཔེར་ན་མི་དང་དུད་འགྲོ་ལྕེ་ཚིག་པ་རྣམས་ཀྱིས་རོ་དྲུག་སྟེ། མངར་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་དང་། ཚ་བ་དང་། ལ་བ་དང་། བསྐབ
iiif viewer powered by OpenSeadragon
235b - 236b