| | e-texts navigator
|
233b1 པ་ཆེན་པོ་དགོངས་པའི་ཚིག་ཐམས་ཅད་ཆོས་ཀྱི་ཆར་འབེབས་སོ། ། དེ་ནས་ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དམ་པའི་ཆོས་འཇིག་པར་ཤེས་ནས། དགུན་གྱི་དུས་རང་ཉེ་བར་གྱུར་པའི་སྤྲོན
233b2 བཞིན་དུ་ཁ་ཆེའི་ཡུལ་དུ་སོང་ནས་ས་ལ་ནུབ་པར་འགྱུར་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་བདུད་རྩིའི་མཆོག་གི་དམ་པའི་ཆོས་ཐམས་ཅད་ནུབ་པར་འགྱུར་རོ།། ད་ལྟར་ནི་དེ་བཞིན་གཤེགས་པས་མཁྱེན་པའི་མ་སྡེ་འདི
233b3 ལག་ཏུ་འོངས་མོད་ཀྱི། དམ་པའི་ཆོས་ནུབ་པར་འགྱུར་རོ་སྙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་མཆོག་རྣམས་ཀྱིས་ཤེས་པར་བྱའོ།། གསོལ་པ། དེ་བཞིན་གཤེགས་པ་དང་། རང་སངས་རྒྱས་དང
233b4 ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཁམས་ཐ་དད་པ་མ་མཆིས་པ་སེམས་ཅན་ཐམས་ཅད་ཀྱིས་བདེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གསལ་ཞིང་ཟུར་ཕྱིན་པར་བཀའ་སྩལ་དུ་གསོལ། བཅོམ
233b5 ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་ཞིག་ལ་བགླང་གི་ལྷས་མང་པོ་ཡོད་དེ། བ་གླང་སྤུལ་དོག་ཐ་དད་པ་དག་བདོག་ལ། དེའི་ནང་ན་བ་སྔོན་མོ་དག་ཀྱང་ཡོད་དེ
233b6 དེ་དག་པ་རྫི་གཅིག་འཚོར་བཅུག་གོ། ། དེ་ནས་ཁྱིམ་བདག་དེས། ལན་ཅིག་གཅིག་ན་རང་གི་ལྷ་མཆོད་པའི་ཕྱིར་བ་གླང་གི་ལྷས་རྣམས་གཅིག་ཏུ་བསྡུས་ནས་འོ་མ་འཇོར་བཅུག་གོ།། དེ་ནས་པོ་མ་དེ་དག་དུང་གི་མདོག་བཞིན་དུ
233b7 དཀར་པོར་འདུག་པ་མཐོང་ནས་ངོ་མཚར་དུ་བཟུང་ནས་བསམས་པ། འདི་ནི་བ་འདི་དག་སྤུ་ལ་ཐ་དད་པར་འདུག་ན། བསྔོན་མོ་འདི་རྣམས་ཀྱི་འོ་མའང་སྔོན་པོར་མི་འདུག་ལ། དཀར་པོ་རྣམས་ཀྱིའང་དེ་དང་འདྲ་སྟེ་དུང
iiif viewer powered by OpenSeadragon
233a - 234a