e-texts navigator
Collection
Volume
Page
Wylie

229a1 བརྟག་པ་ཡིན་ནོ། ། རིགས་ཀྱི་བུ་གཞན་ཡང་དཔེར་ན་གསེར་མགར་གྱིས་གསེར་གྱི་འབྱུང་གནས་ནས་གསེར་བཞུ་སྟེ། སྐྱོན་དང་བྲལ་བར་གྱུར་ནས་རྒྱན་བཟང་པོ་ཅི་དང་ཅི་འདྲ་ལྟ་བུའི་གཟུགས
229a2 སུ་འདོད་པ་གསེར་མགར་བྱེད་དུ་བཅུག་ན་དེ་དང་དེ་ལྟ་བུར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཀྱང་སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་གདུལ་བར་བྱ་བ་རྣམས་ཅི་དང་ཇི་ལྟ་བུར་འདོད་པ་དེ་དང་དེ་ལྟ་བུའི་ཐབས་ཀྱི
229a3 གཟུགས་མངོན་པར་སྤྲུལ་ནས་སེམས་ཅན་རྣམས་སྒྲོལ་བར་མཛད་དོ། ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ནི་མཐའ་ཡས་ཏེ་རྟག་པ་ཡིན་ནོ།། རིགས་ཀྱི་གཞན་ཡང་དཔེར་ན་ཨ་མྲའི་ཤིང་ངམ། འཛམ་བུའི་ཤིང
229a4 ཡང་རུང་། དུས་ཚོགས་རྣམ་པ་གསུམ་གྱི་དབང་གིས་འགྱུར་ཏེ། རེས་འགའ་ནི་སྦལ་མིག་བྱེ་བ་དང་། ལོ་མ་ལ་འབུ་བར་འགྱུར་རོ།། རེས་འགའ་ནི་ལོ་མ་རྒྱས་ཤིང་གྲིབ་མ་བསིལ་བར་འགྱུར་རོ།། རེས་འགའ་ནི་ཤིང
229a5 སྐམ་པོ་བཞིན་དུ་ལོ་མ་ལྷགས་པར་འགྱུར་ན། ཇི་ག་ཤིང་དེ་དག་ཤི་ཞེས་བྱ་བ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ
229a6 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གདུལ་བར་བྱ་བའི་དབང་གིས་འཇིག་རྟེན་གསུམ་དུ་འཇིག་རྟེན་གསུམ་གྱི་ཐབས་ཀྱི་སྐུ་རྣམ་པ་གསུམ་སྟོན་པར་མཛད་དེ། སྐྱེ་བ་ལྟ་བུ་དང་། འཚོ་ཞིང་བཞུགས་པ
229a7 ལྟ་བུ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ན། ཇིག་དེ་བཞིན་གཤེགས་པ་མི་རྟག་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་དེ་བཞིན




iiif viewer powered by OpenSeadragon

228b - 229b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo