e-texts navigator
Collection
Volume
Page
Wylie

227b1 པའི་འཆི་བར་འགྱུར་བའི་ནད་གསོ་བར་མི་བྱེད་དོ། ། འཆི་བར་འགྱུར་བ་དང་འདྲ་བ་ནི་འདོད་ཆེན་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན་སྨན་པ་ཚེའི་རིག་བྱེན་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་གིས་རང་གི་བུ་ཐོག
227b2 མར་རྒྱུད་ཀྱི་ཡན་ལག་ཐང་དང་། ཆུ་དང་། རི་ལས་སྐྱེས་པའི་སྨན་རྣམས་སློབ་པར་བྱེད་ཀྱི། ཐོག་མ་ཡན་ལག་སློབ་པ་ཙམ་ན་རྒྱུད་ཕྱི་མ་སློབ་པར་མི་བྱེད་དེ། གང་གི་ཚེ་ཚེའི་རིག་བྱེད་ཡན་ལག་རྒྱུད་བསླབས་ཟིན་པ་དེའི་ཚེན
227b3 རྒྱུད་ཕྱི་མ་ལས། སྔགས་དང་སྨན་གྲུབ་པའི་ལས་སློབ་པའི་ལས་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཉིད་ཀྱི་སྲས་དགེ་སློང་དག་ལ་ཐོག་མའི་ཡན་ལག
227b4 ཉོན་མོངས་པའི་རྣམ་པ་སྦྱང་བ་དང་། ལུས་སྙིང་པོ་མེད་པར་བསྒོམ་པ་དང་། ཐའ་དང་། ཆུ་དང་། རི་ལས་སྐྱེས་པ་ལ་ལྟ་བུ་རྣམ་པ་གསུམ་བསྒོམ་པ་སློབ་པར་མཛད་དོ།། དེ་ལ་ཐང་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ
227b5 རྣམ་པ་དུ་མ་རྣམས་སོ། ། ཆུ་ཞེས་བྱ་བ་ནི་ལུས་འདི་ཆུའི་ཆུ་བུར་མི་རྟག་པའོ།། རྀ་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་རྣམས་ལ་བདག་མེད་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ལུས་འདི་ནི་བདག་མེད་པའོ་ཞེས་སློབ
227b6 བར་མཛད་དོ། ། གལ་ཏེ་དགེ་སློང་རྣམས་ཀྱིས་གསུང་རབ་ཡན་ལག་དགུའི་དོན་མ་མཐོང་ན་ནི་ཐེག་པ་ཆེན་པོའི་མཆོག་འདི་སློབ་པར་མི་མཛད་དོ།། ད་ནི་སྨན་པ་ཆེན་པོ་བཞིན་དུ་དེ་བཞིན་གཤེགས་པ་གསུང་རབ་ཡན་ལག་དག
227b7 ལ་དོན་གྱི་བྱ་བ་བྱས་ཟིན་པའི་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱུད་ཕྱི་མ་ལས་དེ་བཞིན་གཤེགས་པའི་སྙིང་པོ་རྟག་གོ་ཞེས་སྟོན་པར་མཛད་དོ། ། དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས




iiif viewer powered by OpenSeadragon

227a - 228a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo