e-texts navigator
Collection
Volume
Page
Wylie

225b1 ལས་བྱེད་པའི་སྡིག་ཅན་གྱི་ཀླུ་མཆོག་ཏུ་དྲག་པ་སེམས་སྐྱེད་མི་དགོས་པར་འཛིན་པ་རྣམས་བཏུལ་ནས་བྱང་ཆུབ་ཀྱི་གནས་ཆེན་པོར་འགོད་པར་བྱེད་དེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་པའི་ཕྱིར་ཡོངས
225b2 སུ་མྱ་ངན་ལས་འདས་པ་ཆེན་པོའི་མིང་སྨན་གནོད་སེལ་ཆེན་པོ་ཡོན་ཏན་གྱི་ཚུལ་ཅན་ཞེས་བྱ་སྟེ། འདོད་ཆེན་པོའི་ཀླུ་དྲག་པོ་མི་བཟད་པ་ནི་མ་གཏོགས་སོ།། དཔེར་ན་སྨན་པས་དུག་སྨན་ཟུག་རྔུ་འབྱིན་པའི་སྨན་གྱི་རྒྱལ་པོ
225b3 བསྒྲུབས་ཏེ། དེས་རྔ་བོ་ཆེ་ལ་བསྐུས་ནས་ཕོ་བྲང་འཁོར་དུ་རྔ་དེ་བརྡུངས་ན། སྒྲ་དེའི་མཐུས་སྐྱེ་བོ་ཇི་སྙེད་ཀྱིས་སྒྲ་ཐོས་པ་དེ་དག་གི་ཟུག་རྔུ་ཐམས་ཅད་འབྱུང་བར་འགྱུར་ཏེ། དེ་ཉིད་ན་འཆི་བའི་དུས་ལ་ཉེ་བ་རྣམས་ཀྱིས་ནི་འབྱུང་བར་མི་འགྱུར་རོ།། །
225b4 དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ལས་ཀྱི་རྣམ་པར་སྨིན་པ་མི་བཟད་པ་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་སྒྲ་གང་དུ་ཐོས་ཀྱང་རུང་སྟེ། འདུ་བྱེད་ཀྱི་ཕོ་བྲང་འཁོར་ན་གནས་པའི
225b5 སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟུག་རྔུ་རྣམས་འབྱིན་པར་བྱེད་ལ། འདུ་བྱེད་པ་མེད་པར་ཡང་བྱེད་དོ།། ཕོ་བྲང་འཁོར་ན་གནས་པ་དེ་དག་གི་ཡིད་ལ་འདི་སྙམ་དུ་ཟུག་རྔུ་འབྱུང་བར་མི
225b6 འགྱུར་རོ་སྙམ་དུ་སེམས་ཀྱི། དེ་དག་གི་ཡིད་ལ་ཟུག་རྔུ་རྣམས་འབྱུང་བར་འགྱུར་རོ་སྙམ་དུ་ཇིག་སེམས་སམ། དེ་བཞིན་དུ་ཅིག་ཤོས་རྣམས་ལའང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟུག་རྔུ་རྣམས་འབྱུང་བར
225b7 འགྱུར་རོ་སྙམ་པའི་སེམས་མེད་དེ། དེ་དག་གི་སེམས་ནི་འདོད་པ་རྣམས་ལ་གནས་སོ།། དེ་བཞིན་དུ་ལམ་པ་བྱེད་པ་རྣམས་དང་། མཚམས་མེད་པའི་ལས་བྱེད་པ་སེམས་སྐྱེད་མི་དགོས་པར་འཛིན་པ་རྣམས་ཀྱི་ཡང




iiif viewer powered by OpenSeadragon

225a - 226a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo