e-texts navigator
Collection
Volume
Page
Wylie

223a1 ནས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་སངས་རྒྱས་སུ་ལུང་རྟོན་པར་བྱེད་དོ། ། དགོན་ས་མདོ་སྡེ་སྤོང་བ་བྱིས་པ་བླུན་པོ་དགྲ་བཅོམ་པ་ཡིན་པར་འདོད་པ་གང་ཡིན་དེས
223a2 དགྲ་བཅོམ་པ་དང་འདྲ་བར་ལྟ་ཞིང་སེམས་ཅན་ཆེན་པོ་དང་འདྲ་བར་ལྟ་སྟེ། འདོད་ཆེན་པ་དགེ་སློང་སྡིག་ཅན་དེ་དགོན་པ་ན་གནས་ཤིང་བདག་ཉིད་དགྲ་བཅོམ་པ་དང་འདྲ་བར་རྩི་བར་བྱེད་དེ། དགོན་པ་ན་གནས་པའི་དགེ་སློང
223a3 རྣམས་གཞན་གྱིས་བོས་པ་མི་བཟོད་ལ། རྐྱེན་བཞི་ལས་ཤིན་ཏུ་རྒྱས་པ་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ།། བཅོམ་ལྡན་འདས་ནི་མི་རྟག་གོ། ཆོས་དང་དགེ་འདུན་ཡང་མེད་པར་འགྱུར་རོ།། དམ་པའི་ཆོས་མེད་པར་འགྱུར
223a4 བའི་ལྟས་དེ་ལྟ་བུ་དག་སྣང་ངོ་ཞེས་བྱ་བ་འདི་ཐེག་པ་ཆེན་པོ་ལས་ལེགས་པར་བཤད་དོ་ཞེས་ཟེར་ཏེ། དེ་སྐད་དུ་དམ་པའི་ཆོས་མ་ཡིན་པ་སྨྲ་བ་ནི་འོ་མ་བཞིན་མོད་ལ་ལྡང་བར་མི་འགྱུར་ཏེ། མེ་ཐལ་བས་བཀབ་པ་ལ
223a5 བབ་པ་བཞིན་དུ་བྱིས་པ་འདོད་ཆེན་པ་རྣམས་ཕྱིས་ཚིག་པར་འགྱུར་རོ། ། དེ་ལྟ་ན་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོ་ཆེ་ཕྲ་བ་ཡིན་ཏེ། མདོ་སྡེ་འདི་ནི་ཀ་ཏ་ཀའི་འབྲས་བུ་དང་འདྲའོ།། རིགས་ཀྱི་བུ་དཔེར་ན་མེ་ཏོག་པདྨ
223a6 ཁ་ཟུམས་པ་ཉི་མའི་འོད་ཀྱིས་ཕོག་མ་ཐག་ཏུ་ལ་འབྱེ་བ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་མ་ཐག་ཏུ། བྱང་ཆུབ་ཀྱི་སེམས་མིང་ཙམ་བསྐྱེད་པའང་མི་དགོས་པར་འཛིན་པའི་སེམས
223a7 ཅན་ཐམས་ཅད་ཀྱང་དབང་མེད་པར་བྱང་ཆུབ་ཀྱི་རྒྱུ་སྤུ་དྲུང་ཐམས་ཅད་དུ་འཇུག་པར་འགྱུར་རོ། ། འདོད་ཆེན་པ་རྣམས་ལའང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི། འོན་ཀྱང་གཡོགས་མ་ཤིན་ཏུ་སྡུག་པར་འདུས




iiif viewer powered by OpenSeadragon

222b - 223b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo