e-texts navigator
Collection
Volume
Page
Wylie

222b1 ལས་འདས་ནས། མར་མེདང་ཤིང་ཟད་པའི་མེ་བཞིན་དུ་སངས་རྒྱས་མི་རྟག་པར་འགྱུར་རོ།། དེ་བཞིན་དུ་འདོད་ཆེན་པའི་སྡིག་པའི་ལས་ཀྱང་སྡུད་པ་དང་གཤུང་བ་ཡིན་ནོ།། བྱང་ཆུབ་ཀྱི་རྒྱུ་བསོད་ནམས་གང་ཡིན་པ་དེ
222b2 གལ་ཏེ་བྱང་ཆུབ་སེམས་དཔའ་སྤོང་བར་བྱེད་པ་དེའང་ཐེག་པ་ཆེན་པོ་ལས་སྨད་པ་དང་གཤུང་བ་ཞེས་བྱའོ། ། དེ་སྟེ་མི་སྤོང་ན་ནི།། དེ་ལྟ་ན་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་མིང་ཡང་ཐོགས་པར་འགྱུར་ཏེ། དེ་ནི་སངས་རྒྱས
222b3 རྣམས་ཀྱི་ཆོས་ཉིད་དོ། ། འོ་མ་དང་ནི་སྡིག་པའི་ལས།། མོད་ལ་ལྡང་བར་མི་འགྱུར་ཏེ།། མེ་ནི་ཐལ་བས་གཡོགས་པ་ལ།། བྱིས་པ་སོང་ན་ཚིག་པ་བཞིན།། འདོད་ཆེན་པ་ལོང་པ་གཅིག་པུ་དགྲ་བཅོམ་པ་ཡིན་པར་འདོད་པ་ནི་ལམ་མི
222b4 བཟད་པ་ཆེན་པོར་འགྲོ་འདོད་དོ། ། བྱམས་པ་དང་ལྡན་པའི་དགྲ་བཅོམ་པ་ཡིན་པར་འདོད་ལ་ཤིན་ཏུ་རྒྱས་པ་སུན་དབྱུང་བར་འདོད་དེ་དགྲ་བཅོམ་པ་ཡིན་པར་འདོད་ཅིང་། ཉན་ཐོས་ཀྱི་ཐེག་པ་སུན་ཕྱུང་ནས་ང་ནི་བྱང་ཆུབ་སེམས
222b5 དཔའ་སྟེ་ཤིན་ཏུ་རྒྱས་པ་སྟོན་པ་ཡིན་ནོ། ། སེམས་ཅན་ཐམས་ཅད་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོན་ཏན་རྣམས་ཡོད་དེ། སངས་རྒྱས་ཡོད་དོ་ཞེས་ཟེར་ཞིང་སངས་རྒྱས་སུ་ལུང་སྟོན་པར་བྱེད་དེ། ང་དང་ཁྱེད་ཀྱིས
222b6 ཉོན་མོངས་པའི་རྣམ་པ་ཆུའི་བུམ་པ་བཞིན་དུ་གཞོམ་པར་བྱའི། ། ཐེ་ཙོམ་མེད་པར་བྱང་ཆུབ་བསྒོམ་པར་བྱའོ།། མདོ་སྡེའི་མན་ངག་ནི་དེ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ།། དཔེར་ན་རྒྱལ་པོའི་ཕོ་ཉ་བཙང་ཞིང་སྙིང་ཉེ་ལ་སྨྲ
222b7 མཁས་ཤིང་གཟི་བྱིན་ཆེ་བ་དགྲའི་ནང་དུ་རང་གི་སྲོག་དང་བསྔོས་ཏེ་རྒྱལ་པོ་ལ་ཚིག་རྫོགས་པར་སྨྲ་བ་དེ་བཞིན་དུ། ཤེས་རབ་ཅན་ཤིན་ཏུ་རྒྱས་པ་གཅེས་པར་འཛིན་པ་ནི་བྱིས་པ་རྣམས་ཀྱི་ནང་དུ་རང་གི་སྲོག་དང་བསྔོས




iiif viewer powered by OpenSeadragon

222a - 223a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo