| | e-texts navigator
|
221b1 ཏེརྔ་ཤིང་ལྗོན་པ་ཞེས་བྱ་བའི་གྲངས་སུ་གཏོགས་པར་འགྱུར་རོ། ། དེ་བཞིན་དུ་བསྟན་པ་འདི་ལའང་ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་པ་རྣམས་ཤིང་ཏ་ལའི་མགོ་བཅད་པ་བཞིན་དུ་གྱུར་པ་ལས། མདོ་སྡེ་འདི
221b2 ཐོས་མ་ཐག་ཏུ། སེམས་བསྐྱེད་པ་དགོས་པར་མི་འཛིན་གྱིས་ཀྱང་མི་མཆོག་དེ་དག་ནི་ཤིང་ས་ལ་ཀི་དང་། དོང་ཀའི་ཤིང་ལ་སོགས་པ་བཞིན་དུ་བྱང་ཆུབ་ཏུ་འཁྲུང་བར་འགྱུར་རོ།། དཔེར་ན་སེང་ལྡེང་དང་ཏིན་ཏུ་ཀའི
221b3 ཤིང་ལྗོན་པ་རྣམས་ནི་བཅད་ཕན་ཆད་ས་བོན་ཚིག་པ་བཞིན་དུ་སྐྱེ་བར་མི་འགྱུར་བ་དེ་བཞིན་དུ། འདོད་ཆེན་སེམས་ཅན་རྣམས་ཀྱིས་ཀྱང་མདོ་སྡེ་འདི་ལན་མང་དུ་ཐོས་ཀྱང་ས་བོན་ཚིག་པ་བཞིན་དུ་བྱང་ཆུབ་ཏུ་འཁྲུང
221b4 བར་མི་འགྱུར་རོ། ། དཔེར་ན་སྤྲིན་ཆེན་པོ་ལས་ཆར་བབ་ཏུ་ཟིན་ཀྱང་ས་ཕྱོགས་ཕྱིལ་པོར་འདུག་པ་ལ་ཆུ་མི་ཆགས་པ་དེ་བཞིན་དུ། མདོ་སྡེ་ཆེན་པོའི་སྤྲིན་འདི་ལས་ཆོས་ཀྱི་ཆར་བབ་མོད་ཀྱི། འདོད་ཆེན་པ་ལ་བྱང
221b5 ཆུབ་ཀྱི་རྒྱུ་མི་ཆགས་ཏེ། དོ་ན་རྡོ་རྗེ་བཞིན་དུ་སྐྱིལ་པོར་འདུག་པའི་ཕྱིར་རོ།། འདོད་ཆེན་པ་རྣམས་ཀྱིས་ནི་དགེ་བ་བྱས་པ་ནི་མི་མཐོང་གི། སྨད་པ་དང་གཤུང་བའི་སྡིག་པ་གང་ཡིན་པ་དེ་ནི་མཐོང་ངོ་།། ལེགས་པ་བྱས་པའི
221b6 བྱང་ཆུབ་ཀྱི་དོན་ཏོ། ། མི་འོང་བ་ནི་མི་ཕྲད་པའི་དོན་ཏོ།། དགོངས་པ་ནི་དགེ་བའི་དོན་ཏོ།། དགོངས་པ་ལས་ཁྱད་པར་དུ་འཕགས་པའི་དགེ་བ་སུལ་མི་འོང་ཞེ་ན། ལས་བཟང་པོ་ནི་འདོད་ཆེན་པ་ལ་མི་འོང་ངོ་།།
221b7 དགེ་བའི་སེམས་སུ་ལ་མི་འོང་ཞེ་ན། འདོད་ཆེན་པ་ཞེས་གྲགས་པ་ནི་དགེ་བ་མེད་པའི་སེམས་ཅན་ང་རྒྱལ་གྱི་དབང་དུ་གྱུར་པ་ཡིན་ཏེ། འདོད་ཆེན་པ་དེ་ལ་མི་འོང་ངོ་།། བཞིའི་ཡན་ལག་ཅི་ཞེ་ན། མདོ་སྡེ་སྤོང་བའོ།།
iiif viewer powered by OpenSeadragon
221a - 222a