| | e-texts navigator
|
220b1 དེས་ན་ཡོངས་སུ་མྱ་ངན་ལས་བདས་པ་ཆེན་པོ་འདི་ལོ་བྱ་བར་ཐོས་སུ་ཡིན་ཀྱང་། བྱང་ཆུབ་ཀྱི་རྒྱུ་བསྐྱེད་པར་སོང་ཡེ་མི་ནུས་ཏེ། དེ་ལ་དགེ་བ་མེད་པའི་ཕྱིར་རོ།། རིགས་ཀྱི་བུ་དཔེར་ན་དུག་སྨན་གྱི་སྡོང་པོ་ལྡན་གྱི་རྒྱལ་པོ་ཆེན་པོ།།
220b2 ནི་དར་བ་འམ། བུ་རམ་མམ། ཞུན་མར་རམ། བོ་མ་འམ། ཆུ་དང་སྦྱར་ཏམ། ཕྱེ་མ་འམ། འདའ་གུ་འམ། ཐུག་པར་བྱས་སམ། ཁ་བསྐུས་སམ། དུད་པས་བདུགས་སམ། མིག་བསྐུས་སམ། དྲི་ཚོར་རམ།
220b3 མཐོང་ངམ། རེག་པར་གྱུར་ཀྱང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱི་ནད་སེལ་བར་བྱེད་ལ། ཤིང་ལྗོན་པ་དེ་འདི་སྙམ་དུ་བདག་གི་ལོ་མ་ཁྱེར་ན་རུང་ངོ་རྩ་བ་ཁྱེར་ན་མི་རུང་ངོ་སྙམ་པ་འམ། བདག་གི་རྩ་བ་ཁྱེར་ན་རུང་ངོ་ལོ
220b4 མ་ཁྱེར་ན་མི་རུང་ངོ་སྙམ་པ་འམ། སྡོང་བུ་ཁྱེར་ན་རུང་ངོ་ཤུན་ལྤགས་ཁྱེར་ན་མི་རུང་ངོ་སྙམ་པ་འམ། ཤུན་ལྤགས་ཁྱེར་ན་རུང་ངོ་སྡོང་བུ་ཁྱེར་ན་མི་རུང་ངོ་སྙམ་དུ་མི་སེམས་ཏེ། དེ་དེ་ལྟར་སེམས་མི་བསྐྱེད་མོད་ཀྱི། འོན་ཀྱང་དེ་ནི
220b5 སྨན་ཁོ་ན་ཡིན་ཏེ་ནད་ཐམས་ཅད་སེལ་བར་བྱེད་དོ། ། རིགས་ཀྱི་བུ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདིའང་སེམས་ཅན་ཐམས་ཅད་ཀྱི་སྡིག་པའི་ལས་ཀྱི་ནད་རྣམས་སེལ་བར་བྱེད་དེ། ཕམ
220b6 པར་བྱེད་པ་རྣམས་ཀྱང་རུང་། མཚམས་མེད་པ་བྱེད་པ་རྣམས་ཀྱང་རུང་། འདི་ལས་ཕྱི་རོལ་པ་རྣམས་ཀྱང་རུང་སྟེ། བྱང་ཆུབ་དགོས་པར་མི་འཛིན་ཅིང་། སེམས་མ་བསྐྱེད་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དོ།། དེ་ཅིའི
220b7 ཕྱིར་ཞེ་ན། སྡིག་པ་ཐམས་ཅད་ཀྱི་དུག་སྨན་གྱི་སྡོང་པོའི་སྨན་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པའི་ཕྱིར་རོ།། ལུས་བསྒོས་པ་རྣམས་ཀྱང་རུང་། ལུས་མ་བསྒོས་པ་རྣམས་ཀྱང་རུང་སྟེ། མདོ་སྡེ་འདི་ནི
iiif viewer powered by OpenSeadragon
220a - 221a