| | e-texts navigator
|
220a1 ཆར་ཆེན་པོ་བབ་ཏུ་ཟིན་ཀྱང་། ཆུ་ཅུང་ཟད་ཀྱང་གནས་པར་མི་འགྱུར་ཏེ། གར་གཞོལ་བར་འབབ་ལ། བབས་ནས་ཀྱང་དེར་གནས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལའང་ཕན་འདོགས
220a2 པར་འགྱུར་བ་དེ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ལས་དམ་པའི་ཆོས་ཀྱི་ཆར་འབབ་མོད་ཀྱི། འདོད་ཆེན་པ་ལ་ནི་བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་མི་འགྱུར་ཏེ། སྐྱེ་མི་སྲིད་དོ།། གཞན་དག་ལ་ནི་ས་གཞོལ་བའི་ཆུ་བཞིན་དུ་སྐྱེད་པར་བྱེད་དོ།།
220a3 རིགས་ཀྱི་བུ་གཞན་ཡང་དཔེར་ན་སྲན་སྡེའུ་འམ། སྲན་གྲེའུ་འམ། སྲན་ནམ་སྤའི་ས་བོན་ཚིག་པ་རྣམས་ལ་སྤྲིན་ཆེན་པོའི་ཆར་སྟོང་དུ་བབ་ཀྱང་མྱུ་གུ་སྐྱེ་བར་མི་ནུས་ཏེ། དེ་དག་ལ་མྱུ་གུ་འབྱུང་མི་སྲིད་དོ།། དེ
220a4 བཞིན་དུ་འདོད་ཆེན་པ་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་སུ་ཟིན་ཀྱང་བྱང་ཆུབ་ཀྱི་རྒྱུ་འཐོབ་མི་སྲིད་དོ། ། དེ་དག་ནི་དགེ་བའི་རྩ་བ་ཟད་པ་ཡིན་པའི་ཕྱིར་ས་བོན་ཆོག་པ་དང་འདྲའོ།།
220a5 རིགས་ཀྱི་བུ་དཔེར་ན་ཀ་ཏ་ཀའི་འབྲས་བུ་ཆུ་རྙོག་མ་ཅན་གྱི་ནང་དུ་བཅུག་ན་རྙོག་མ་བསལ་ཏེ་ཆུ་དང་བར་བྱེད་པ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདིའང་ཀ་ཏ་ཀའི་འབྲས་བུ་བཞིན་དུ
220a6 སེམས་ཅན་རྣམས་ཀྱི་ལམ་པ་རྣམས་དང་། མཚམས་མེད་པའི་ལས་རྣམས་ཀྱི་ལས་ཀྱི་འདམ་རྫབ་དང་། རྙོག་མ་བསལ་ནས་བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་དེ། འདོད་ཆེན་པ་ནི་མ་གཏོགས་སོ།། ཀ་ཏ་ཀའི་འབྲས
220a7 བུས་ཀྱང་རྙོག་མ་དང་བར་བྱེད་པར་ཟད་ཀྱི། ལོ་སྟོང་གི་བར་དུ་བརྡར་དུ་ཟིན་ཀྱང་འདམ་རྫབ་དེ་ལས་ཆུ་དབྱུང་བར་ནི་མི་ནུས་སོ།། དེ་བཞིན་དུ་འདོད་ཆེན་པའང་དགེ་བའི་རྩ་བ་ཟད་ཅིང་གཞི་མེད་པར་གྱུར་པ་ཡིན་པ།།
iiif viewer powered by OpenSeadragon
219b - 220b