| | e-texts navigator
|
219b1 ། སངས་རྒྱས་གྲངས་མེད་པ་ལ་བཀུར་སྟི་བྱས་པ་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཐོས་པར་ནུས་ལ། དགེ་བའི་རྩ་བ་ངན་ངོན་མ་ཡིན་པས་བྱང་ཆུབ་ཀྱི་རྒྱུ་འཐོབ་པར་འགྱུར་རོ།།
219b2 དེབས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དག་པར་སྟོན་པའི་ཕྱིར་མདོ་ཆེན་པོ་མཐུ་ཆེ་བ་ཡིན་ནོ།། གསོལ་པ། སེམས་མ་བསྐྱེད་དེ། མི་དགོས་པར་འཛིན་པས་ཇི་ལྟར་བྱང་ཆུབ་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ལགས
219b3 བཀའ་སྩལ་པ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་མི་དགོས་པར་འཛིན་ཅིང་མདོ་སྡེ་ཁྱད་དུ་གསོད་པ་གང་ཡིན་པ་དེ་དག་ལ་ནི། རྨི་ལམ་དུ་སྲིན་པོ་ཆེན་པོ་འཇིགས་པའི་གཟུགས་ཅན་གྱིས་བསྡིགས་ཏེ། འདི་སྐད་དུ
219b4 ངས་མ་གསད་པར་སྦྱིན་པར་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་ཀྱང་ཟེར་རོ། ། དེ་ནས་དེ་དག་རྨི་ལམ་དུ་འཇིགས་ཤིང་སྐྲག་སྟེ། སད་ནས་ནང་པར་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དེ། དེ་དག་ཤི་ནས་སེམས
219b5 ཅན་དམྱལ་བ་རྣམས་སུ་གཅོད་པ་འམ། ཡི་དགས་ཀྱི་འཇིག་རྟེན་ནམ། མཐོ་རིས་སུ་སྐྱེས་ནས་ཀྱང་རུང་སྟེ། རྗེས་སུ་དྲན་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ།། དེ་ལྟར་ན་ཡོངས་སུ་མྱ་ངན་ལས
219b6 འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་མཐུ་ཆེ་སྟེ། མི་དགོས་པར་འཛིན་ཅིང་སེམས་མ་བསྐྱེད་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དོ།། རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལ་རྒྱུ་མེད་པ་མ་ཡིན་ནོ།།
219b7 དེ་བས་ན་ངའི་བསྟན་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་ནམ་མཁའ་ལས་སྤྲིན་ཆེན་པོ་ཆེར་འབེབས་པ་ན། ས་ཆེན་པོ་ཆུས་གང་བར་འགྱུར་ལ། གྲམ་པའི་ས་ཕྱོགས་སུ་ནི
iiif viewer powered by OpenSeadragon
219a - 220a