| | e-texts navigator
|
218b1 འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དགུན་ཉི་མ་བཞིན་དུ་བརྩོན་འགྲུས་ཞན་པའི་ཕྱིར་རོ།། མདོ་སྡེ་བསྒོམ་པར་བྱ་བ་བསྒོམས་པའི་འབྲས་བུའི་མཆོག་ནི་དཔེར་ན་སོས་ཀའི་ཉི་མ་ཚ་བའི་ཚེ་ཉི་མ་མཤར་བར་མཿ
218b2 མོའང་མར་ཤིན་ཏུ་འཕྱགས་པའང་ཞུ་བར་བྱེད་ལ། རྒྱ་མཚོ་ཆེན་པོའང་དྲོ་བར་བྱེད་དོ།། དེ་བཞིན་དུ་རིགས་ཀྱི་འམ། རིགས་ཀྱི་བུ་མོ་གང་དག་གོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཐོས་མ་ཐག་ཏུ་འགྲན་ཏོ།
218b3 དུ་བྱས་ཀྱང་རུང་། གཞན་གྱིས་བྱེད་དུ་བཅུག་ཀྱང་རུང་། གཞན་གྱིས་དྲིང་འཇོག་ཀྱང་རུང་། རྙེད་པ་དང་། བཀུར་སྟི་དང་། ཚོགས་སུ་བཅད་པའི་དོན་དུ་བྱས་ཀྱང་རུང་སྟེ། བདག་ལ་བྱང་ཆུབ་མི་དགོས་སོ་སྙམ་པ
218b4 འམ་སེམས་སྐྱེད་པར་ཡང་མི་འདོད་དུ་ཟིན་ཀྱང་གང་ཟག་དེ་འདྲ་བ་དག་གི་ལུས་ཀྱི་བ་སྤུའི་ལུང་བུ་ཐམས་ཅད་དུ་བྱང་ཆུབ་ཀྱི་རྒྱུ་སོས་ཀའི་ཉི་མ་བཞིན་དུ་འཇུག་པར་འགྱུར་རོ། ། དེ་བས་ན་རིགས་ཀྱི་བུ་དེ་དག་ནི། བྱང
218b5 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ་ཞེས་ངཟེར་རོ། ། དེ་ལྟར་ན་བྱང་ཆུབ་ཟད་མོ་ཤེས་པའི་མདོ་སྡེ་ཆེན་པོ་འདིནི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡིན་ཏེ། དེ་བས་ན་ཆེན་པོ་ཞེས་བྱའོ།། སྔ་བ་དང་། ཡངས
218b6 བ་དང་། སོས་ཀའི་ཉི་མ་བཞིན་དུ་གཟི་བརྗིད་དང་ལྡན་པ་ཡིན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། བ་ཅིའི་ཕྱིར་ཞེ་ན། འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་བརྟན་པའི་ཕྱིར
218b7 རོ། རིགས་ཀྱི་བུ་གཞན་ཡང་སྐར་མ་དང་སྲིན་བུ་མེ་ཁྱེར་གྱི་འོད་ནི་ཉི་ཟླའི་འོད་ལས་འདས་ཏེ། ཐལ་ལེར་སྣང་བར་མི་འགྱུར་རོ།། ཉི་ཟླའི་འོད་ནི་འོད་ཐམས་ཅད་ལས་འདས་ཏེ་ལམ་མེར་འདུག་གོ།། དེ་བཞིན་དུ
iiif viewer powered by OpenSeadragon
218a - 219a