e-texts navigator
Collection
Volume
Page
Wylie

218a1 ཏེ་བདག་ཉིད་ཡང་དག་པར་སྟོན་ཅིང་མི་མངོན་པར་བྱེད་པ་འདི་ནི་དེ་དག་གི་ཆོས་ཉིད་དོ། ། རིགས་ཀྱི་བུ་དཔེར་ན་ཉི་མ་ཤར་ནས་ལྷོ་བུ་མེད་པར་འགྱུར་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས།
218a2 པ་ཆེན་པོའི་མདོ་ཆེན་པོ་འདི་བྱུང་ན་ཐོས་པ་ཙམ་གྱིས་ཀྱང་ཕམ་པ་རྣམས་དང་མཚམས་མེད་པའི་ལས་རྣམས་ཀྱི་སྡིག་པའི་ཕུང་པོ་མྱུར་དུ་མེད་པར་འགྱུར་རོ།། དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི
218a3 མདོ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡུལ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་ཡིན་པའི་ཕྱིར་དཔག་ཏུ་མེད་དོ། ། དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ
218a4 རྟག་གོ། ། དམ་པའི་ཆོས་ནུབ་པར་མི་འགྱུར་རོ།། དགེ་འདུན་མེད་པར་མི་འགྱུར་རོ་སྙམ་དུ་མདོའི་ཤེས་པ་ལ་དེ་ལྟར་བརྩོན་པར་བྱའོ།། དེ་ལྟར་བྱས་ཏང་དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནས
218a5 སུ་སོན་པར་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། སེམས་བསྐྱེད་པའང་རུང་། སེམས་མ་བསྐྱེད་པའང་རུང་སྟེ། བྱང
218a6 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སུ་འགྱུར་རོ། ། གསོལ་པ། དེ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་དགུན་མར་འཁྱགས་པ་ཉི་ཚན་གྱིས་ཀྱང་བཞུ་མི་ནུས་པ་དེ་བཞིན་དུ།
218a7 མདོ་སྡེ་དང་ཏིང་ངེ་འཛིན་ཐམས་ཅད་བསྒོམ་པར་བྱ་བ་བསྒོམས་པའི་འབྲས་བུའི་སྒོ་ནས་ནི་སེམས་བསྐྱེད་པ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། སེམས་མ་བསྐྱེད་པས་ཀྱང་བྱང་ཆུབ་ཐོབ་པར་མི




iiif viewer powered by OpenSeadragon

217b - 218b

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo