e-texts navigator
Collection
Volume
Page
Wylie

217b1 དག་མི་རྟག་པའང་མ་ཡིན། ། མི་བརྟན་པའང་མ་ཡིན་ཏེ། དེ་དག་ནི་རྟག་པ་དང་བརྟན་པ་ཡིན་དུ་ཉིན་པར་གྱི་གཟའ་དང་འདྲ་བར་སེམས་ཅན་གྱིས་མཐོང་བར་མི་ནུས་སོ།། ཉི་མ་དང་འདྲ་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས
217b2 ཉིད་ཡིན་ནོ། ། དཔེར་ན་ཉི་མ་དང་ཟླ་བ་སྟི་ཁྱི་ཡོགས་པའི་ཚེ་མི་སྣང་སྟེ། སེམས་ཅན་རྣམས་ཀྱིས་མི་སྣང་ངོ་སྙམ་དུ་འཛིན་མོད་ཀྱི། གཉིས་མེད་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ
217b3 འཇིག་རྟེན་ན་མི་བཞུགས་པའི་ཚེ་ཉི་ཟླ་སྤྲིན་གྱི་གཡོགས་པ་བཞིན་དུ་གཞི་གསུམ་འཇིག་པ་ལྟ་བུར་སྣང་མོད་ཀྱི། གཞི་གསུམ་མེད་པར་ཡང་མི་འགྱུར་ལ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པར
217b4 འདུག་བཞིན་དུ་ཉེས་པ་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ། ། རིགས་ཀྱི་བུ་དཔེར་ན་ཟླ་བ་ཡར་གྱི་ངོབང་མ་ཡིན། མར་གྱི་ངོའང་མ་ཡིན་པ་གནམ་སྟོང་གི་ཉི་མ་དང་ཟླ་བ་མེད
217b5 པའི་སྐབས་སུ། གཟའ་མཇུག་རིངས་གཟི་བརྗིད་དྲག་པོ་དང་ལྡན་པ་ཞེས་བྱ་བ་ཤར་ནས། འཇིག་རྟེན་ཐམས་ཅད་ཀྱིས་མ་ཚོར་བར་སྐད་ཅིག་གཅིག་ལོན་ལ་མི་སྣང་བར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ
217b6 རང་སངས་རྒྱས་རྣམས་ཀྱང་སངས་རྒྱས་རྣམས་མི་བཞུགས་པའི་ཚེ། གནམ་སྟོང་གོ་ཉིན་པར་གཟའ་མཇུག་རིངས་འཆར་བ་བཞིན་དུ་བྱུང་ནས། སེམས་ཅན་བྱེ་བ་ཕྲག་མང་པོ་དམ་པའི་ཆོས་ལ་བཀོད་ནས་མི་སྣང
217b7 བར་འགྱུར་ལ། མཇུག་རིངས་ཀྱང་རྟག་ཏུ་ཡོད་དེ། སེམས་ཅན་རྣམས་ཀྱིས་ནི་མཐོང་བར་མི་ནུས་སོ།། དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་རྟག་ཏུ་ཡོད་བཞིན་དུ་དེ་དག་སེམས་ཅན་རྣམས་ཀྱིས་མཐོང་བར་མི་ནུས




iiif viewer powered by OpenSeadragon

217a - 218a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo