e-texts navigator
Collection
Volume
Page
Wylie

206b1 ན་རྀ་རཱྀ་ལྀ་ལཱྀ་ཞེས་བྱའོ། ། མཆུ་གཉིས་འབྱུང་བ་དང་། ལྕེ་དྲུང་ནས་འབྱུང་བ་དང་ཁ་སྣ་གཉིས་ནས་འབྱུང་བ་དང་རིང་པོ་དང་རྒྱུད་རིང་དུ་དྲང་བ་རྣམས་ནི་དོན་དང་ལྷན་ཅིག་ཏུ་སྦྱར་བ་ཡིན་ནོ།། ཡི
206b2 རྣམས་ལྷན་ཅིག་ཏུ་སྦྱར་བས་ནི་བྱེད་པ་ལ་འཇུག་པར་འགྱུར་རོ། ། ལྕེ་དང་སོ་ལ་སོགས་པ་རྣམས་ནི་ལུས་ཀྱི་ཁམས་ཡིན་ཏེ། ཁམས་དེའང་རང་བཞིན་གྱིས་ཡོངས་སུ་དག་པའོ།། ཕུང་པོ་དང་། ཁམས་དང་།
206b3 སྐྱེ་མཆེད་རྣམ་པ་སྣ་ཚོགས་དེ་དག་ལྟ་བུའང་མགོ་མཉམ་དུ་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ཉེ་བར་ཞི་བར་ཡོངས་སུ་ཞའོ།། དེ་བཞིན་གཤེགས་པའི་སྙིང་པོས་ཁྱབ་པའི་ཁམས་དེའི་གཟི་བརྗིད་ཀྱིས་ལྷན་ཅིག་ཏུ་སྦྱར་བས་བྱེད་པ
206b4 ལ་འཇུག་པར་འགྱུར་ཏེ། དེ་བས་ན་ཡི་གེ་ཕྱེད་པ་ཞེས་བྱའོ།། རྒྱུད་ཐམས་ཅད་དང་། གསང་སྔགས་ཐམས་ཅད་དང་། ཆོས་ཐམས་ཅད་ནི་ཡི་གེའི་ཕྱི་མོ་སྦྱར་བའི་ཐ་སྙད་ཡིན་ཏེ། དེ་བས་ན་དེ
206b5 བཞིན་གཤེགས་པ་དང་ཐར་པ་དེ་ཁོ་ན་ཉིད་དུ་མཐོང་ངོ་། ། ཡི་གེ་བརྗོད་པ་དང་། རྟོག་པའི་འདུ་ཤེས་དང་། ཡི་གེ་དང་འབྲུའི་འདུ་ཤེས་དེ་ཉིད་སྤངས་པ་ན་དེ་བཞིན་གཤེགས་པ་དང་ཐར་པ་སྟེ།། དེ་བས་ན
206b6 ཐར་པ་ནི་ཐམས་ཅད་དུ་གྲོལ་བ་དང་། རབ་ཏུ་གྲོལ་བ་ཡིན་ནོ།། དེ་བཞིན་གཤེགས་པ་དེ་ཉིད་ཡི་གེ་ཕྱེད་པའི་ཆོས་ཀྱི་དོན་ཁོ་ནའི་ཕྱིར་བྱུང་བ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་པ་གང་ཡིན་པ་དེ་དག་ནི་ཡི
206b7 གེ་ཤེས་པ་ཞེས་བྱའོ། ། གཞན་དག་ནི་ཡི་གེ་ཕྱེད་པ་ཤེས་པ་ཞེས་བྱའོ།། ཡི་གེ་མེད་པ་གང་དག་ཡིན་ཞེ་ན། ཆོས་མ་ཡིན་པ་བསྟེན་པ་གང་ཡིན་པ་རྣམས་སོ།། ཆོས་ལ་བསྟེན་པ་ཡིན་དུ




iiif viewer powered by OpenSeadragon

206a - 207a

Texts on this page

S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo