| | e-texts navigator
|
206a1 བསྟན་པས་ན་དེའི་ཕྱིར་ཝ་ཞེས་བྱའོ། ། ཤ་ཞེས་བྱ་བ་ནི་ཟུག་རྔུ་གསུམ་དང་བྲལ་བའི་དོན་ཏེ། དེ་བས་ན་ཤ་ཞེས་བྱའོ།། ར་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་དོན་ཏེ།
206a2 མདོ་སྡེ་ཆེན་པོ་འདི་ཐོས་ན་ཤིན་ཏུ་རྒྱས་པ་ཐམས་ཅད་ཐོས་པར་འགྱུར་བས་ན་དེའི་ཕྱིར་ཥ་ཞེས་བྱའོ།། ས་ཞེས་བྱ་བ་ནི་དམ་པའི་ཆོས་དབྱུང་བའི་སེམས་ཀྱི་དོན་ཏེ། དེ་བས་ན་ས་ཞེས་བྱའོ།། ཧ་ཞེས
206a3 བྱ་བ་ནི་ཀྱེ་མ་བདག་གིས་འཁོར་བ་མཐར་གཏུགས་སོ། ། ཀྱེ་མ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་འོ་སྙམ་དུ་དགའ་བ་དང་ཡོངས་སུ་གདུང་བའི་དོན་ཏེ།། དེ་བས་ན་ཧ་ཞེས་བྱའོ།། ཀྵ
206a4 ཞེས་བྱ་བ་ནི་བདུད་ཀྱི་དོན་ཏེ། བདུད་བྱེ་མ་སྙེད་ཀྱིས་ཀྱང་དགེ་འདུན་དབྱེ་བར་མི་ནུས་མོད་ཀྱི། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དང་མཐུན་པར་མཛད་པ་སྟོན་ཏོ།། ཡང་ཀྵ་ཞེས་བྱ་བ་ནི་འཇིག་རྟེན
206a5 ཐམས་ཅད་དང་མཐུན་པར་བྱ་བའི་ཕྱིར། མ་ལ་སོགས་པ་བསྟེན་པའི་དོན་ཏེ། དེ་བས་ན་ཀྵ་ཞེས་བྱའོ།། རྀ་རཱྀ་ལྀ་ལཱྀ་ཞེས་པའི་ཡི་གེ་བཞི་པོ་འདི་རྣམས་ཀྱིས་ནི། སངས་རྒྱས་དང་། ཆོས་དང་། དགེ
206a6 འདུན་དང་། གཉེན་པོ་སྟོན་པའི་དོན་བཞི་རྒྱས་པར་བྱེད་དོ།། འཇིག་རྟེན་དང་མཐུན་པར་བྱ་བ་དེ་ནི་གཉེན་པོ་ཡིན་ཏེ། དཔེར་ན་ལྷས་བྱིན་གྱིས་དགེ་འདུན་ཕྱེ་བ་ལྟ་བུའོ།། དགེ་འདུན་ཕྱེ་བ་སྟོན་པ་ན་བསླབ
206a7 བའི་གཞི་བཅང་པའི་ཕྱིར་ཚུལ་གཞན་དག་ཀྱང་སྤྲུལ་ཏེ། ཐབས་སྟོན་པ་དེ་མཐོང་ན་ཤེས་རབ་ཅན་སྐྲག་པར་མི་བྱ་བ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཡིན་ནོ་སྙམ་དུ་ཡིད་ཆེས་པར་བྱ་སྟེ། དེ་ས
iiif viewer powered by OpenSeadragon
205b - 206b